འཁོར་བ་ནི་སྡུག་གི་རྒྱ་མཚོ་ཞིག་ཡིན་ན།
འཁོར་བ་ནི་སྡུག་གི་རྒྱུ་མཚོ་ཅིག་ཡིན་ན
ཁྲག་དང་རྔུལ་ཆུའི་གྲུབ་པའི་སྙན་ངག་ཅིག་ཀྱང
ཅི་ལ་མི་འཁྲུངས
འཁོར་བ་ནི་སྡུག་གི་རྒྱ་མཚོ་ཅིག་ཡིན་ན
རླབས་ཀྱི་ཟེགས་མ་ལྟ་བུའི་སྡུག་བསྔལ་རེ་རེ
ང་ཡི་ལོངས་སྤྱོད་ཀྱང་ཅི་ནས་མིན
འཁོར་བ་ཅེས་པའི་འཁོར་ལོ་དེ་མཚམས་མ་ཆད་པར་འཁོར་ན
མི་ཚེའི་ངལ་གསོ་བྱེད་སའི་རི་སྒང་དེ་ནས
འཆི་བ་དེའང་བདེ་བ་ཞིག་ཏུ་ཅི་ལ་མི་འཁུམས
ཁྱེད་ལ་དམྱལ་བའི་སྡུག་བསྔལ་གྱེར་བའི་ན་ཟུག་ཅིག་ཡོད་ན
ང་ཡང་མིག་ཆུ་ལྟ་བུའི
རོལ་དབྱངས་ཞིག་ཏུ་ཅི་ལ་མི་འགྱུར
རྩོམ་ཁུངས། ངེད་དྲ་བ།