ཁྱོད་ནི་སྤྲིན་པ་ལེབ་མོ་དེ་ཡིན་འདུག༼ཞར་བཀོད་གཉིས་ཡོད༽

གཡུ་ཆུང་།༼པེ་ཅིང་༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-22


ཁྱོད་ཀྱི་ལག་ཏུ་དཔའ་དམ་ཐོགས་ཡོད་དམ
མིན་ན་ང་རང་ཚལ་བར་གྱུར་བ་ཅི
ཁྱོད་ཀྱི་ཁྱོར་བར་ཆུ་འཁྱགས་ཁྱེར་ཡོད་དམ
མིན་ན་ང་རང་འཁྱགས་པར་འདར་འདི་ཅི
ངས་ཁྱོད་ཚོན་སྙུག་ཅིག་ཡིན་ཤག་བྱས
ཚོན་སྣ་འབུམ་ལྡན་གྱི་ཚོན་སྙུག་དེ
ལག་ཏུ་འཆང་ཙམ་ནས
འཇའ་ཡི་གཞུ་མོ་དང་རེ་བའི་ཁྱིམ་གཞི་འགྲུབ་པར་བསམ
ངས་ཁྱོད་འོ་མ་དེ་ཡིན་ཤག་བྱས
འབྲི་བརྒྱའི་འོ་ཕུད་འདུས་པའི་ཉིང་ཁུ་དེ
ཇ་རུ་གདུས་ཙམ་ནས
སྐོམ་པའི་གདུང་བ་དང་སེམས་ཀྱི་འཁྱགས་པའང་ཞུ་འགྲོ་བསམ
 
ཡིན་ནའི་ཁྱོད་ནི་སྤྲིན་པ་ལེབ་མོ་དེ་ཡིན་འདུག
                     
                         ལེགས་སྐྱེས།
ཁྱོད་གྱེས་པས
རོ་ཤེས་མེད་པའི་ལྕེ་ཞིག་ཐོགས
གཟུགས་ཤེས་མེད་པའི་མིག་ཅིག་ཐོགས
ང་འཁར་བ་བཟུང་མེད་པའི་རྒས་པོ་ཞིག་ཡིན་ཨང་
ང་སྐྲ་དཀར་མ་སྐྱེས་པའི་རྒས་པོ་ཞིག་ཡིན་ཨང་
དོན་དམ་ཁྱོད་ཀྱིས་ཅི་ཞིག་བཞག
ས་སྲོད་ཀྱི་ཟུར་མིག་དེ་ལས
ངང་ཆུང་གི་འཛུམ་བག་དེ་ལས
               
         རང་དབང་།

སྙུག་རྩེ་ཤོག་སྟེང་ལ་བབས་ཆོག་པ་བཞིན
ངའི་མཆུ་ཏོའང་རང་དབང་གིས་བབས་ཆོག་ན
ང་ལ་སྦྲང་རྩིའི་མངར་ཁ་མི་དགོས་ཏེ
ཁྱོད་ཀྱི་མཆུ་སྒྲོས་ཀྱི་ནེམ་ཤས་ཆོག་གོ
                  2012/2/18
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ནི་སྤྲིན་པ་ལེབ་མོ་དེ་ཡིན་འདུག༼ཞར་བཀོད་གཉིས་ཡོད༽

2012-02-22 གཡུ་ཆུང་།༼པེ་ཅིང་༽ ཀློག་གྲངས། མཆན ཡོད།


ཁྱོད་ཀྱི་ལག་ཏུ་དཔའ་དམ་ཐོགས་ཡོད་དམ
མིན་ན་ང་རང་ཚལ་བར་གྱུར་བ་ཅི
ཁྱོད་ཀྱི་ཁྱོར་བར་ཆུ་འཁྱགས་ཁྱེར་ཡོད་དམ
མིན་ན་ང་རང་འཁྱགས་པར་འདར་འདི་ཅི
ངས་ཁྱོད་ཚོན་སྙུག་ཅིག་ཡིན་ཤག་བྱས
ཚོན་སྣ་འབུམ་ལྡན་གྱི་ཚོན་སྙུག་དེ
ལག་ཏུ་འཆང་ཙམ་ནས
འཇའ་ཡི་གཞུ་མོ་དང་རེ་བའི་ཁྱིམ་གཞི་འགྲུབ་པར་བསམ
ངས་ཁྱོད་འོ་མ་དེ་ཡིན་ཤག་བྱས
འབྲི་བརྒྱའི་འོ་ཕུད་འདུས་པའི་ཉིང་ཁུ་དེ
ཇ་རུ་གདུས་ཙམ་ནས
སྐོམ་པའི་གདུང་བ་དང་སེམས་ཀྱི་འཁྱགས་པའང་ཞུ་འགྲོ་བསམ
 
ཡིན་ནའི་ཁྱོད་ནི་སྤྲིན་པ་ལེབ་མོ་དེ་ཡིན་འདུག
                     
                         ལེགས་སྐྱེས།
ཁྱོད་གྱེས་པས
རོ་ཤེས་མེད་པའི་ལྕེ་ཞིག་ཐོགས
གཟུགས་ཤེས་མེད་པའི་མིག་ཅིག་ཐོགས
ང་འཁར་བ་བཟུང་མེད་པའི་རྒས་པོ་ཞིག་ཡིན་ཨང་
ང་སྐྲ་དཀར་མ་སྐྱེས་པའི་རྒས་པོ་ཞིག་ཡིན་ཨང་
དོན་དམ་ཁྱོད་ཀྱིས་ཅི་ཞིག་བཞག
ས་སྲོད་ཀྱི་ཟུར་མིག་དེ་ལས
ངང་ཆུང་གི་འཛུམ་བག་དེ་ལས
               
         རང་དབང་།

སྙུག་རྩེ་ཤོག་སྟེང་ལ་བབས་ཆོག་པ་བཞིན
ངའི་མཆུ་ཏོའང་རང་དབང་གིས་བབས་ཆོག་ན
ང་ལ་སྦྲང་རྩིའི་མངར་ཁ་མི་དགོས་ཏེ
ཁྱོད་ཀྱི་མཆུ་སྒྲོས་ཀྱི་ནེམ་ཤས་ཆོག་གོ
                  2012/2/18
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།