རྒྱུས་མེད་ཀྱི་མི་ཞིག་གི་འཆི་འཕོ་ལ་ཕུལ་བ།
སྐམ་རིད་དུ་གྱུར་བའི་ངོ་གདོང་གིས
ཚེ་མཇུག་གི་ལོངས་སྤྱོད་ལ་ཆ་མི་ཚང་བའི་མཐའ་སྡོམ་བྱེད་ཅིང
མིག་ཟུང་སྟེ སྨྱོ་ཧམ་གྱིས་སླེབས་པའི་ས་སྲོད་ཅིག
སྨིག་སྤྲིན་ལྟ་བུའི་དབང་བོའི་འཆར་ཀའི་གསེང་དུ་འཚང
ཉེ་འཁོར་གྱི་མི་དག་གིས
ཚེ་གང་ལ་ལུས་ནས་མ་དོར་བའི་སློག་ཚར་གྱི་སྟེང་གི་རྡུལ་རྣམས་ཡང་ཡང་སྤྲུགས
༢༠༡༢ ༢ ༡༠ཉིན་གཙོས་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།