ཁང་སྟོང་ནང་ན་ང་གཅིག་པུར་ལུས་འདུག


ས་ཆེན་པོར་འདར་འགུལ་མ་བྱུང་རུང་།
སྐྱི་སེར་རླུང་བའི་ཤག་སྒྲའི་ཁྲོད་ན་འགྱེད་ལ་ཁད་དུ་ཡོད་པའི་རྒྱ་ཁང་འདིའི་ནང་དུ།
དེ་དགོང་ང་གཅིག་པུ་ལས་ལྷག་མི་འདུག
 
ཁ་སང་གི་ཁ་སང་དེར།
སྐད་ཕྲ་སྦོམ་གཉིས་ཀྱི་ཟིང་ཟིང་ཁྲོད་ན་སྨྱོ་ལ་ཁད་དུ་ཡོད་པའི་མི་བུ་དེ་ཚོས།
རྒྱ་ཁང་འདི་སྐྱིད་གླིང་གླིང་ཞིག་ཏུ་བསམ་ཡོད་མོད།
 
དེ་དགོང་།
ངོ་མ་དུད་ཁྲོད་དུ་རུས་ཆགས་གི་ཁེངས་བའི་སྣང་བ་དེ་ངའི་མིག་ལམ་ཏུ་ཤར་ཡོང་།
 
ཐ་མག་གི་སྣེ་མོ། ཨ་རག་གི་དམ་བེ་སྟོང་བ།
གང་ལྟར།
དེ་དགོང་རྒྱ་ཁང་འདིའི་ནང་དུ་ང་གཅིག་པུ་ལས་ལྷག་མི་འདུག།
 
ཚོད་ཚོད་ལ་སྤྱན་རས་གཟིགས་ཀྱི་འདྲ་སྐུ་དང་།
མ་ཎི་ཡིག་དྲུག་གི་གཟུངས་སྔགས།
ད་དུང་།
ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་རྩྭ་ཐང་དྲན་བྱུང་།
ཅོ་བྱང་སྐར་ནས་༢༠༡༢ལོའི་ཟླ་༢པའི་ཚེས་༡༥དགོང་མོ་ཁྲི་འདུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་སྟོང་ནང་ན་ང་གཅིག་པུར་ལུས་འདུག

2012-02-18 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།


ས་ཆེན་པོར་འདར་འགུལ་མ་བྱུང་རུང་།
སྐྱི་སེར་རླུང་བའི་ཤག་སྒྲའི་ཁྲོད་ན་འགྱེད་ལ་ཁད་དུ་ཡོད་པའི་རྒྱ་ཁང་འདིའི་ནང་དུ།
དེ་དགོང་ང་གཅིག་པུ་ལས་ལྷག་མི་འདུག
 
ཁ་སང་གི་ཁ་སང་དེར།
སྐད་ཕྲ་སྦོམ་གཉིས་ཀྱི་ཟིང་ཟིང་ཁྲོད་ན་སྨྱོ་ལ་ཁད་དུ་ཡོད་པའི་མི་བུ་དེ་ཚོས།
རྒྱ་ཁང་འདི་སྐྱིད་གླིང་གླིང་ཞིག་ཏུ་བསམ་ཡོད་མོད།
 
དེ་དགོང་།
ངོ་མ་དུད་ཁྲོད་དུ་རུས་ཆགས་གི་ཁེངས་བའི་སྣང་བ་དེ་ངའི་མིག་ལམ་ཏུ་ཤར་ཡོང་།
 
ཐ་མག་གི་སྣེ་མོ། ཨ་རག་གི་དམ་བེ་སྟོང་བ།
གང་ལྟར།
དེ་དགོང་རྒྱ་ཁང་འདིའི་ནང་དུ་ང་གཅིག་པུ་ལས་ལྷག་མི་འདུག།
 
ཚོད་ཚོད་ལ་སྤྱན་རས་གཟིགས་ཀྱི་འདྲ་སྐུ་དང་།
མ་ཎི་ཡིག་དྲུག་གི་གཟུངས་སྔགས།
ད་དུང་།
ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་རྩྭ་ཐང་དྲན་བྱུང་།
ཅོ་བྱང་སྐར་ནས་༢༠༡༢ལོའི་ཟླ་༢པའི་ཚེས་༡༥དགོང་མོ་ཁྲི་འདུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།