གཉིད་མི་འོང་བའི་མཚན་མོ་འདི་དག་ལ།
ངས་རང་ཉིད་ཀྱི་སྤྱན་སྒོ་བཙན་གྱིས་བརྒྱབ་ཀྱང་
གཉིད་མི་འོངས་པས དབང་ཤེས་དག་གིས་ང་ལ
ཐང་ཆད་བྱུང ངལ་གསོ་དགོས
ཅེས་འཁང་ར་ཆེན་པོ་རྒྱབ་སྐད
ངས་རང་གི་དཔེ་ཀློག་ཐུང་ངུ་རེ་བྱས་སྐབས་དང
དྲྭ་ཉུལ་ཡུན་རིང་བྱས་པའི་མཚན་སྟོད་དག
ཡིད་ལ་དྲན་པར་བྱས་ཤིང དེ་དག་ལ་ལེ་བདའ་བྱས
དུས་ཚོད་སྐར་མ་སྐར་ཆ་བྱས་ཏེ
མཚན་བརྒལ་ནས་ཉིན་བསུ་ལ་ཉེ
ཡིན་ཡང ད་དུང་གཉིད་མི་འོངས་པས
ངས་ཆུ་ཚོད་ཀྱི་ཐག་སྒྲ་ལན་པར་བསམ་ནས
གློག་རྡེའུ་འང་ཞེ་སྡང་གིས་བླངས་ཏེ
ཞེ་སྡང་གིས་གད་སྙིགས་སྣོད་དུ་གཡུགས
སུན་སྣང་གིས་མི་སྡོད་པའི་མཚན་མོ་འདིར
ང་ལ་དགའ་རོགས་མེད་ལ དབུ་ཆང་བཏུང་རོགས་ཀྱང་མེད་པར
སྡོད་སྐབས དོ་ནུབ་ང་ཁེར་རྐྱང་མིན་ལ
སུན་སྣང་གི་མཚན་མོ་སྐྱེལ་གྲོགས་ཤིག་ཡོད་པའི
ཚོར་བས་འབུགས་ཀྱིས་གསུར་བ་ལྟར་འོང་ཏེ
དེ་ནི་སྙན་ངག་རེད ད་དུང་འབྲི་དེབ་དང
སྨྱུ་གུ་རེད་་་་་་་་་
༢༠༡༡.༡༡.༡༨མཚན་ལ།
རྩོམ་ཁུངས། ངེད་དྲ་བ།