ཐོལ་གྱིས་བྱུང་བ།
སྨྱུ་གུ་ཟད་སོང་།
བྱ་ཁྱུ་དང་རླུང་རྟ་འང་འཕུར་ཟིན།
མིག་ཆུ་རྒྱ་མ་གང་ཁུར་བའི་སེམས་པ།
ཁ་བ་དང་ལྷན་ཏུ་ཕ་ཡུལ་གྱི་པང་ལ་འབབ་གྱིན་འདུག
རྣམ་ཤེས་དང་སྐྲ་ལོ་ཁུར་བའི་རླུང་བུ།
ར་བཟི་བའི་གོམས་སྟབས་དང་འདྲ་གི
ཡིན་ཡང་རྐང་རྗེས་མེད་ཁུ།
ཟླ་བ་སྒོར་སྒོར་ཞིག་དགུང་ན།
སྐར་འོད་ལམ་ལམ་འཕྲོ་བའི་ལམ་ཆེན་གྱི་སྟེང་ན།
སུ་ཞིག་གི་དམ་ཏུ་བཏག་ཡོད་འདུག
ཡིན་ཡང་ལག་པ་འདི་གོས་ཆེན་ནག་པོ་ཞིག
ཡར་བསྲིངས་ནས་མིག་ཟུང་བཀབ་པས།
ཟླ་བ་འང་ནག་པོ་རེད།
༢༠༡༢ལོའི་ཟླ༢པའི་ཚེས༡༡ཉིན་ལ་ཕ་ཡུལ་ཏུ།
རྩོམ་ཁུངས། ངེད་དྲ་བ།