ཐང་ཆད་པའི་སྣང་བ་ཞིག་ལ།
ཀུབ་འབྲུ་མང་བོ་བཀད་རྗེས
ཐང་ཆད་པའི་སྣང་བ་ཞིག་བྱུང་སོང
ཡང་ན སྐད་ཆ་བཤད་བཤད་རྗེས
ཅིའང་མ་བཤད་པ་བཞིན
ཡོད་ཚད་ཁོག་ཏུ་ཁེགས་ཤིང
ཕྱི་རུ་འདོན་ཐུབ་པ་ནི་མིག་ཆུ་ཁོ་ན་ཙམ
དེ་ལྟར མི་ཚེ་ཕྱེད་ལ་ངལ་དུབ་དང་འགྲོགས་ཀྱང
འོད་ཀྱི་ཐག་པ་ཞིག
རྨི་ལམ་ནས་ཡང་ཡང་མཐོང་བ་དེ
ལམ་གང་ཞིག་གི་རྒྱལ་ཁ་རུ་འཁྲུལ་སྣང་སྐྱེས་ཡོད
༢༠༡༢.༠༢.༠༦
རྩོམ་ཁུངས། ངེད་དྲ་བ།