དེ་རིང་ཕ་ཡུལ་ལ་ཁ་བ་བབས།
དེ་རིང
གསེར་མདོག་གི་མང་རའི་ཡུལ་ལྗོངས་ཆེན་མོའི
སྟོད་སྨད་བར་གསུམ་ལ
ཁ་བའི་མེ་ཏོག་གི་འདབས་མ་གཏོར་བའི་དེ་རིང
བལྟས་ཀྱིན་བལྟས་ཀྱིན་ཕ་ཡུལ་ཧ་ཅང་མཛེས་ལ
རླུང་འཚུབ་ཀྱིས་དེད་ཡོང་བའི་ས་རྡུལ་དག་གིས
ཕ་ཡུལ་གྱི་ཁོར་ཡུག་ལ
འབག་བཙོག་ཅི་འདྲ་བཟས་ཡོད་ཨང
ཁ་བ་འབབ་ཐེང་གཅིག་གིས
གཙང་སྦྲ་གྲལ་དག་ཅིག་བྱས་ཤིང
ཕ་ཡུལ་ནི་སྔར་ལས་ལྷག་པར་མཛེས་སོང
ང་ནི་ཁ་བའི་སྟེང་དུ
གོམ་པ་སྤོ་བར་སེར་སྣ་སྐྱེས་ལ
དགའ་སྤྲོ་འང་ཡོད
ད་དུང་ཁ་བ་གྲང་ངར་གྱིས་བབས་ཀྱང
མཛེས་སྡུག་དུ་སྒོམ་དུས རྨི་ལམ་ལ་རྨི་དུས
ཁ་བ་ནི་སེམས་ཀྱི་དྲོད་ཁོལ་ཅིག་རེད ཕ་ཡུལ་གྱི
མཛེས་སྡུག་གི་མཛེས་སྡུག་ཅིག་རེད དེ་རིང
ཕ་ཡུལ་ཧ་ཅང་མཛེས་སོང སྔར་ལས་ལྷག་པར་མཛེས་སོང
༢༠༡༡. ༡༢. ༡༠
རྩོམ་ཁུངས། ངེད་དྲ་བ།