ཕ་ཡུལ་ནས་གྱེས་དུས།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-29

ཕ་ཡུལ་ནས་གྱེས་དུས། ཕྱེ་མར་ཆང་ཕུད་ཀྱི་སྐྱེལ་མ།
                     རྟེན་འབྲེལ་ཡོད་ཚད་ཀྱི་ཐོག་མ་ཡིན།
ཕ་ཡུལ་ནས་གྱེས་དུས། དཀར་གཙང་གི་ཁ་བཏགས་ཨ་ཤི།
                     བརྗོད་འདས་སྙིང་ཁོང་གི་སྨོན་ལམ་ཡིན།
ཕ་ཡུལ་ནས་གྱེས་དུས། འཕྲེང་སེམས་ཀྱི་མིག་ཟུང་མཆི་མ།
                      ཨ་མའི་དུང་སེམས་ལས་བཞུར་བའི་ཁྲག་ཐིགས་ཡིན།
ཕ་ཡུལ་ནས་གྱེས་དུས། དྲང་གཏམ་ཚིག་གསུམ་གྱི་བསླབ་བྱ།
                      ཨ་ཕའི་བརྩེ་སེམས་ལས་བྱུང་བའི་བདུད་རྩི་ཡིན།
ཕ་ཡུལ་ནས་གྱེས་དུས། ལབ་རྩེའི་དྲི་བསངས་ཀྱི་དུ་སྤྲིན།
                      གཉེན་ཉེ་ཡུལ་མི་ཚོའི་རྒྱང་རིང་གི་ཕྱག་གཡུག་ཡིན།
ཕ་ཡུལ་ནས་གྱེས་དུས། རྐང་ལམ་ཀྱག་ཀྱོག་གི་རྗེས་ཤུལ་གསལ་པོ།
                མེས་པོའི་ཞབས་རྗེས་ཀྱིས་ཁོ་བོར་བསྟན་པའི་ཐོག་མའི་ལམ་ཁ་ཡིན།
ཕ་ཡུལ་ནས་གྱེས་དུས། ལྟེ་ཁྲག་ཕ་ཡུལ་དུ་ལྷུང་བས།
                   དབུགས་མཐའ་ཕ་ཡུལ་རུ་འཁྱོལ་བའི་འདུན་པ་དེ་བཅངས་ཡོད།
ཕ་ཡུལ་ནས་གྱེས་དུས། ཕ་ཡུལ་ལ་སུམ་རྩེན་གནས་ཀྱི་འདུ་ཤེས་ཡོད་ཅིང།
                      མ་འོངས་དང༌། གཞན་ཡུལ།
                      ཡོད་ཚད་ཀྱི་ཡོད་ཚད།
                      སྡུག་བསྔལ་བའི་དམྱལ་བ་དེ་ཡིན་པར་སྙམ།
ཕ་ཡུལ་ནས་གྱེས་དུས། རི་མགོའི་ཁ་བས་གྲང་ངད་སྟེར་ཡང༌།
                      ཕ་ཡུལ་ལ་བཅངས་པའི་སེམས་པ་དྲོན་མོས།
                      རང་ལུས་ཀྱི་འཁྱག་སྣང་དེ་ཡུན་རིང་མི་འཚོར།
ཕ་ཡུལ་ནས་གྱེས་དུས། གཞི་ནས་རང་ཉིད་རྒོད་ཕྲུག་བཞིན་གཤོག་རྩལ་རྒྱས་ཡོད་པ་ཤེས།
གཤོག་ཟུང་བརྐྱངས་ནས་འཕུར་བཞིན་པའི་ཕ་ཡུལ་གྱི་རྒོད་ཕྲུག་ཡོད་ཚད།
ཝ་ཕྲུག་གནས་སའི་ཐང་ཆེན་དེ་ན་མི་ལྷུང་བའི་འདུན་པ་བཅངས་ཡོད།
                           ༢༠༡༢ལོའི་ཟླ་༡ཚེས་༢༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ནས་གྱེས་དུས།

2012-01-29 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

ཕ་ཡུལ་ནས་གྱེས་དུས། ཕྱེ་མར་ཆང་ཕུད་ཀྱི་སྐྱེལ་མ།
                     རྟེན་འབྲེལ་ཡོད་ཚད་ཀྱི་ཐོག་མ་ཡིན།
ཕ་ཡུལ་ནས་གྱེས་དུས། དཀར་གཙང་གི་ཁ་བཏགས་ཨ་ཤི།
                     བརྗོད་འདས་སྙིང་ཁོང་གི་སྨོན་ལམ་ཡིན།
ཕ་ཡུལ་ནས་གྱེས་དུས། འཕྲེང་སེམས་ཀྱི་མིག་ཟུང་མཆི་མ།
                      ཨ་མའི་དུང་སེམས་ལས་བཞུར་བའི་ཁྲག་ཐིགས་ཡིན།
ཕ་ཡུལ་ནས་གྱེས་དུས། དྲང་གཏམ་ཚིག་གསུམ་གྱི་བསླབ་བྱ།
                      ཨ་ཕའི་བརྩེ་སེམས་ལས་བྱུང་བའི་བདུད་རྩི་ཡིན།
ཕ་ཡུལ་ནས་གྱེས་དུས། ལབ་རྩེའི་དྲི་བསངས་ཀྱི་དུ་སྤྲིན།
                      གཉེན་ཉེ་ཡུལ་མི་ཚོའི་རྒྱང་རིང་གི་ཕྱག་གཡུག་ཡིན།
ཕ་ཡུལ་ནས་གྱེས་དུས། རྐང་ལམ་ཀྱག་ཀྱོག་གི་རྗེས་ཤུལ་གསལ་པོ།
                མེས་པོའི་ཞབས་རྗེས་ཀྱིས་ཁོ་བོར་བསྟན་པའི་ཐོག་མའི་ལམ་ཁ་ཡིན།
ཕ་ཡུལ་ནས་གྱེས་དུས། ལྟེ་ཁྲག་ཕ་ཡུལ་དུ་ལྷུང་བས།
                   དབུགས་མཐའ་ཕ་ཡུལ་རུ་འཁྱོལ་བའི་འདུན་པ་དེ་བཅངས་ཡོད།
ཕ་ཡུལ་ནས་གྱེས་དུས། ཕ་ཡུལ་ལ་སུམ་རྩེན་གནས་ཀྱི་འདུ་ཤེས་ཡོད་ཅིང།
                      མ་འོངས་དང༌། གཞན་ཡུལ།
                      ཡོད་ཚད་ཀྱི་ཡོད་ཚད།
                      སྡུག་བསྔལ་བའི་དམྱལ་བ་དེ་ཡིན་པར་སྙམ།
ཕ་ཡུལ་ནས་གྱེས་དུས། རི་མགོའི་ཁ་བས་གྲང་ངད་སྟེར་ཡང༌།
                      ཕ་ཡུལ་ལ་བཅངས་པའི་སེམས་པ་དྲོན་མོས།
                      རང་ལུས་ཀྱི་འཁྱག་སྣང་དེ་ཡུན་རིང་མི་འཚོར།
ཕ་ཡུལ་ནས་གྱེས་དུས། གཞི་ནས་རང་ཉིད་རྒོད་ཕྲུག་བཞིན་གཤོག་རྩལ་རྒྱས་ཡོད་པ་ཤེས།
གཤོག་ཟུང་བརྐྱངས་ནས་འཕུར་བཞིན་པའི་ཕ་ཡུལ་གྱི་རྒོད་ཕྲུག་ཡོད་ཚད།
ཝ་ཕྲུག་གནས་སའི་ཐང་ཆེན་དེ་ན་མི་ལྷུང་བའི་འདུན་པ་བཅངས་ཡོད།
                           ༢༠༡༢ལོའི་ཟླ་༡ཚེས་༢༡ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།