བོར་ཟིན་པའི་རྨི་ལམ།
དྲན་སྣང་ཞིག་ལ རྨིས་མ་ཚར་བའི་རྨི་ལམ་ཞིག
སྣང་བ་ཟ་ཟིའི་ཁྲོད་ན མཛེས་སྡུག་ཅིག་གམ
སྡུག་བསྔལ་ཞིག་གིས་བལྟམས་འདུག
བཞུར་གྱིན་པའི་ལང་ཚོ་འདི
དུས་ཚིགས་ཀྱིས་ཁྱུར་མིད་བྱས་པས
ཁ་སང་གི་མཛེས་སྡུག་སྣ་ཚོགས
དེ་རིང་དྲན་ཤིང་ཁོ་ན་གྱུར་འདུག
ལྷ་སྒྲུང་ལ་འཐིམ་པའི་ལོ་རྒྱུས་རིང་མོ་དེ
སུས་ཀྱང་བསུབ་མ་འདོད་ཀྱང
སུས་ཀྱང་འབྲི་མ་ནུས་པས
དེ་རིང་གི་ངས
སུ་ཞིག་གིས་བཞག་པའི་ཁ་ཆེམས་ཀྱི་ཤོག་ལྷེ་རུ་འཇུས་ཏེ
འདས་སོང་གི་སྐྱ་བོའི་སྤང་ཐང་དེ་ལ་ཚོན་མདོག་གི་བཟོ་བཅོས་བརྒྱབ
རྨི་ལམ་ལས་རྨི་ལམ་རྨིས་པས
རྨི་ལམ་གྱི་ལོ་ཟླ་དེ་དག་ཀྱང
བཞུར་གྱིན་པའི་ལང་ཚོ་དང་འགྲོགས་ཏེ
ན་བུན་བཞིན་ཡལ་འདུག
རྩོམ་ཁུངས། ངེད་དྲ་བ།