ཁད།
མེ་ཏོག་བཞད་ལ་ཁད།
ནུ་ཟུང་འབུར་ལ་ཁད།
ཁ་བ་ཞུ་ལ་ཁད།
ཁྱེད་རང་འགྲོ་ལ་ཁད།
ཆུ་ཐིགས་ཟགས་ལ་ཁད།
མེ་ལྕེ་འབར་ལ་ཁད།
སེམས་པ་ནི་འཐོར་ལ་ཁད།
གླུ་ངག་དེ་བཞུར་ལ་ཁད།
སྐྱོ་སྣང་འདི་ཡལ་ལ་ཁད།
ཆག་པ་དེ་འབྱོར་ལ་ཁད།
བོར་བ་དེ་རྙེད་ལ་ཁད།
རྨི་ལམ་དེ་རྨི་ལ་ཁད།
སོང་བ་དེ་སླེབས་ལ་ཁད།
འཕྲད་པ་དེ་གྱེས་ལ་ཁད།
ཉི་མ་འདི་ནུབ་ལ་ཁད།
ཅི་ཞིག་ཤེས་ལ་ཁད།
གང་ཞིག་ཚོར་ལ་ཁད།
མི་འདི་གསོན་ལ་ཁད།
མི་དེ་ཤི་ལ་ཁད།
༢༠༡༢༠༡༡༥་དགོང་དྲོ་མོ་སི་ཀོ་གྲོང་ཁྱེར་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།