མགོ་རུས་སྐམ་པོའི།
སྲོག་གི་དབུགས་རྒྱུན་ཆད་པའི་གྲོང་ཁྱེར།
ས་འོག་ཏུ་བཅུག་པའི་རོ་སྒམ་ཅིག་དང་འདྲ་གི
སྒྲ་མེད དྲི་མེད རོ་མེད རེག་བྱའང་མེད་ཁུ།
མི་རོ་མང་བོ་སྐས་དབྱིབས་སུ་ཆགས་འདུག
སྐས་མགོ་ན་ཁང་སྟོང་ཞིག
སྒོ་མེད སྒེའུ་ཁུང་ཡང་མེད་ཁུ།
མ་གཞི་ཁང་བ་དེར་གྲུ་ག་གསུམ་ཡོད་ཁུ།
ཟུར་ཀ་ཞིག་ན་ཁྱི་རོ་རུལ་བ་ཞིག
ཁྱི་རོ་དེའི་ཁ་ནང་ན་མགོ་རིལ་སྐམ་པོ་ཞིག
མགོ་རིལ་སྐམ་པོས་སྐད་ཆ་བཤད་བྱུང་།
མགོ་རིལ་སྐམ་པོའི་་་་་་་་
༢༠༡༢ལོའི་ཟླ་༡པོའི་ཚེས་༡༥ཉིན་ལ་ཕ་ཡུལ་རྨ་ལྷོ་རྫོང་དུ།
རྩོམ་ཁུངས། ངེད་དྲ་བ།