དགེ་མ་ལགས། ང་འགྲོ་རན་སོང་།

དགེ་མ་ལགས། ང་འགྲོ་རན་སོང་།
ངས་བརྩེ་བ་ཟབ་མོ་ཞིག་གི་ཆེད་དུ།
རྐང་ཐང་ལ་རི་བོ་ཞིག་གི་ཕ་རོལ་ནས་ཐོན།
ལམ་བར་ནས་ཉེན་རྟོག་པ་དང་ཁྱི་ཚོགས་ཀྱི་བཙན་རྫོང་ཧ་ཅང་མཐུག་རུང་།
ང་རང་ཨུ་ཚུགས་ཀྱིས་འདི་ལྟར་ཐོན་ཞིང་།
འདི་ལྟར་ཁྱེད་ཀྱི་ཤག་ཆུང་གི་སྒོ་འགྲམ་དུ་ཡུན་རིང་འགོར།
བར་སྐབས་འདིར་་ཁྱེད་ཀྱི་ཁ་པར་གྱི་ལན་ཁ་ནི་ཅི་འདྲའི་མཁོ་ཨང་།

དགེ་མ་ལགས།
ཁྱེད་ཀྱི་ཞལ་འདོན་གྱི་གྱེར་དབྱངས་ནི་ཅི་འདྲའི་སྙན་ཞིང་འཇེབས་ཨང་།
མར་མེ་ཚེ་འབར་གྱི་འོད་སྣང་དེ་ཡང་ངའི་ལམ་སྟོན་གྱི་འགྲོགས་རོགས་ཡིན་ན་ཅི་མ་རུང་།
ད་དུང་ཁྱེད་ཀྱི་གསོལ་འདེབས་ཀྱི་སྨོན་ལམ་དེའང་ངའི་བདེ་སྐྱིད་ཡིན་ན་ཅི་འདྲའི་སྐྱིད་ཨང་།

དགེ་མ་ལགས།
ཁྱེད་ཀྱིས་ཟླ་སྔོན་མའི་གཙང་འགྲམ་གྱི་མཚན་མོ་དེ་དྲན་ནམ།
སུས་ཀྱང་རེག་མ་མྱོང་བའི་སྟོད་འགག་སེར་བོ་འོག་གི་མྱོས་བུམ་དང་།
སུ་ལའང་བསྟན་མ་མྱོང་བའི་བརླ་ཤ་དྲོན་མོ།
དེ་ནི་ང་ཡི་གནམ་བདག་གིས་འུ་གཉིས་ལ་གནང་བའི་གསོལ་རས་ཡིན་ནམ།
དེ་ནི་ཁྱེད་ཀྱི་དཀོན་མཆོག་གིས་འུ་གཉིས་ལ་གནང་བའི་བྱིན་རླབས་ཡིན་ནམ།

དགེ་མ་ལགས།
དོ་དགོང་ཕྱི་རོལ་ན་ཚ་བ་ཆེ་ལ།
དུག་སྦྲང་གི་ངར་ཤུགས་ལྷག་ཏུ་འབར།
ཁྱེད་ཀྱིས་ལོ་ཟླ་གང་ཞིག་ལ་མྱ་ངན་ཞུ་བཞིན་ཡོད།
ཡང་ན་དགེ་བསྐོས་ཀྱི་ཚོགས་གཏམ་ལ་གླན་པ་རྒྱག་བཞིན་ཡོད།
མྱུར་མོར་ཁ་པར་གྱི་སྒོ་ཕྱེས་རོགས།
མྱུར་མོར་སྒེའུ་ཁུང་ནས་ཕྱི་རོལ་དུ་ཕེབས་རོགས།
ངས་ཁྱེད་ལ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་གསར་བ་དེ་ཉོས་ཡོང་ཡོད།

དགེ་མ་ལགས།
ང་ནི་གནམ་བདག་ཆོས་ལུགས་པ་ཞིག་དང་།
ཁྱེད་ནི་ནང་བསྟན་ཆོས་ལུགས་པ་ཞིག་རེད།
འུ་གཉིས་ཀྱི་གྲུབ་མཐའ་མི་གཅིག་ཁ་ཁ་དང་།
ལྟ་བ་མི་གཅིག་སོ་སོ་ཡིན་པ་བདེན་ཡང་།
དེེ་དག་བརྩེ་དུང་ལ་འབྲེལ་བ་མེད།
ངས་ཁྱེད་ལ་བཅིངས་པའི་བརྩེ་དུང་དེ་རི་རབ་རྡོ་རྗེ་བྲག་ཡིན།
གལ་སྲིད་། ཁྱེད་ལ་ཆོས་ལུགས་གཅིག་མཐུན་གྱི་འདོད་བློ་མེད་ཚེ།
ང་རང་ནང་པའི་ལྟ་སྤྱོད་ལ་མོས་གུས་བྱེད་ཆོག

དགེ་མ་ལགས།
འཇིག་རྟེན་སྣང་བ་བླུན་པོ་ཡིན་ཟེར་རུང་།
འཇིག་རྟེན་འཁོར་བ་སྙིང་བོ་མེད་ཟེར་རུང་།
དེ་ནི་སྣང་ཚུལ་གཞན་ཞིག་གི་སྔོན་འགྲོ་ཙམ་རེད།
དེ་ནི་འཁོར་བའི་སྙིང་བོ་མ་ཤེས་པའི་ཉེས་དམིགས་ཙམ་རེད།
སྐབས་འདིར། ངའི་ཁྱེད་ཀྱི་སྒོ་འགྲམ་ནས།
འདོད་པའི་དཔལ་ལ་རོལ་བར་ཤོག  འདོད་པའི་དཔལ་ལ་རོལ་བར་ཤོག་
ཅེས་སྨོན་ལམ་ཐེངས་གསུམ་བརྒྱབ་པ་ཡིན།

དགེ་མ་ལགས།
ཆུ་ཚོད་བཅུ་གཉིས་ལ་སླེབས་རན་འདུག
ཁྱེད་ཀྱིས་སྒོ་མི་ཕྱེས་དོན་ཅི་ཡིན་ནམ།
ད་ལྟ།  ང་རང་ཕྱིར་འགྲོ་རན་སོང་།
ང་ལྷ་ཁང་ནང་དུ་འགྲོ་རན་སོང་།
གནམ་བདག་གི་ཆོས་བརྡ་བསྒྲག་ཏུ་འགྲོ་དགོས་སོང་།
ཟླ་རྗེས་མའི་ཟླ་དཀྱིལ་ཞིག་ལ།
ངས་ཁྱེད་ལ་ཁ་པར་གཏོང་ངེས།
དེ་དུས་ཁྱེད་ཀྱི་སྐྲ་ལོ་རིང་དུ་སྐྱེས་ཡོད་པའི་སྨོན་ལམ་འདེབས།

                        ༢༠༡༢  ༣ ༡༥ ཉིན་བལ་ཡུལ་གྱི་བཙུན་དགོན་ཞིག་གི་འདབས་རོལ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་མ་ལགས། ང་འགྲོ་རན་སོང་།

2012-04-21 བན་ལོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།