ཁོ་བོས་སྒུག་པ་ཁྱོད་ཀྱི་མཛའ་མོ་མིན།

            
             ____  གྲོགས་པོ་ཞིག་གིས་ཁྱོད་ཀྱིས་སུ་ཞིག་ལ་སྒུག་ཡོད་ཅེས་དྲིས་པའི་ལན་དུ།
                                           

ཁོ་བོ་ཡིད་མུག་ནས་ལྡིང་ཁང་འདིར་སླེབས་ཐེངས་རེ་དང་།
ཁོ་བོ་ཞེ་རྨེང་ནས་མིག་ཆུ་འདི་བཞུར་ཐེངས་རེ་རེར།
ཁོ་བོས་ཁྱོད་ཀྱི་མཛའ་མོར་སྒུག་པ་མིན་ཏེ།
ཁོ་བོ་ནི་མཐོང་ཡངས་བའི་ལྡིང་ཁང་འདིར་དགའ་ལ།
བག་ཡངས་བའི་བསམ་གཞིགས་འདིར་ཐད་བྱུང་།

སྟོང་འདང་འདིས་སུ་ཞིག་གི་སྙིང་གཏམ་ཟིན་པ་ནང་བཞིན།
མིག་ཟུང་འདིས་ཅི་ཞིག་གི་ལྡོག་འོད་བཟུང་བ་ནང་བཞིན།
ཡང་ན།  ལྡིང་ཁང་འདི་ནི་གྲུ་ཁ་ནང་བཞིན།
ཅི་ཞིག་ལ་སྒུག་པ་འདྲ་ཡང་།
ཁོ་བོས་ཁྱེད་ཀྱི་མཛའ་མོ་ལ་སྒུག་པ་གཏན་ནས་མིན།

རྡོ་ཡི་ཅོག་ཙེ་འདིས་བྲིས་པའི་གོ་ར་གྲུ་བཞི་དང་།
ཤིང་གི་རྒྱབ་གཉེས་འདིས་བསླངས་བའི་གཤིས་ཀྱི་བརྗེད་བྱང་།
བསིལ་རླུང་ནད་་པ་འདིས་བླངས་བའི་དྲན་པའི་གདུང་འབོདལ་ཉན་ཞོར།
ལྷིང་འཇགས་ཡིན་དྲགས་ནས་ཤི་སྙིང་འདོད་པའི་ཁོར་ཡུག་དུ།
མི་ཚེ་སྟོང་འདངས་དང་ཤུབ་བཤད་ལ་བརྒྱུས་ནས་་འཚོ་བ་ནི།
ཁོ་བོས་ཁྱོད་ཀྱི་མཛའ་མོ་ལ་སྒུག་པ་གཏན་ནས་མིན།

ཁོ་བོས་ཁྱོད་ཀྱི་མཛའ་མོ་ལ་སྒུག་པ་དངོས་གནས་མིན་ཏེ།
སྙན་ཚིག་གི་ཐིག་ཕྲེང་རེ་རེ་ལ་ཡང་།
རྒྱ་སེ་མེ་ཏོག་གི་དུངས་བ་འཁུར་ཤེས་བའི་མིང་ཚིག་ཅིག་ཀྱང་མ་རྙེད།
འོན་ཀྱང།  ཁོ་བོས་མིག་ཟུང་འགུལ་མེད་དུ་ཅེར་ནས།
ཨེ་ཡིན་སྙམ་པའི་གྲིབ་གཟུགས་རེ་རེ་ལ་ཡང་།
རྒྱུན་དུ་སྒུག་ཡོད། 


ཁོ་བོས་ཉམས་པ་མེད་པའི་སྙིངས་སྟོབས་ཀྱི་མེ་རི་ཞིག་སྤར་ནས་སྒུག་ཡོད་ལ།
ཁོ་བོས་མཛད་པ་མེད་པའི་སྐྱོ་སྡུག་གི་མིག་ཆུ་ཁྱོརགང་བསོག་ནས་སྒུག་ཡོད།
ཡོད་ཀྱང་།  ཁོ་བོས་ཁྱེད་ཀྱི་མཛའ་མོ་ལ་སྒུག་པ་ག་ལ་ཡིན་།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་བོས་སྒུག་པ་ཁྱོད་ཀྱི་མཛའ་མོ་མིན།

2012-04-21 རྒྱལ་སྲས། ཀློག་གྲངས། མཆན ཡོད།

            
             ____  གྲོགས་པོ་ཞིག་གིས་ཁྱོད་ཀྱིས་སུ་ཞིག་ལ་སྒུག་ཡོད་ཅེས་དྲིས་པའི་ལན་དུ།
                                           

ཁོ་བོ་ཡིད་མུག་ནས་ལྡིང་ཁང་འདིར་སླེབས་ཐེངས་རེ་དང་།
ཁོ་བོ་ཞེ་རྨེང་ནས་མིག་ཆུ་འདི་བཞུར་ཐེངས་རེ་རེར།
ཁོ་བོས་ཁྱོད་ཀྱི་མཛའ་མོར་སྒུག་པ་མིན་ཏེ།
ཁོ་བོ་ནི་མཐོང་ཡངས་བའི་ལྡིང་ཁང་འདིར་དགའ་ལ།
བག་ཡངས་བའི་བསམ་གཞིགས་འདིར་ཐད་བྱུང་།

སྟོང་འདང་འདིས་སུ་ཞིག་གི་སྙིང་གཏམ་ཟིན་པ་ནང་བཞིན།
མིག་ཟུང་འདིས་ཅི་ཞིག་གི་ལྡོག་འོད་བཟུང་བ་ནང་བཞིན།
ཡང་ན།  ལྡིང་ཁང་འདི་ནི་གྲུ་ཁ་ནང་བཞིན།
ཅི་ཞིག་ལ་སྒུག་པ་འདྲ་ཡང་།
ཁོ་བོས་ཁྱེད་ཀྱི་མཛའ་མོ་ལ་སྒུག་པ་གཏན་ནས་མིན།

རྡོ་ཡི་ཅོག་ཙེ་འདིས་བྲིས་པའི་གོ་ར་གྲུ་བཞི་དང་།
ཤིང་གི་རྒྱབ་གཉེས་འདིས་བསླངས་བའི་གཤིས་ཀྱི་བརྗེད་བྱང་།
བསིལ་རླུང་ནད་་པ་འདིས་བླངས་བའི་དྲན་པའི་གདུང་འབོདལ་ཉན་ཞོར།
ལྷིང་འཇགས་ཡིན་དྲགས་ནས་ཤི་སྙིང་འདོད་པའི་ཁོར་ཡུག་དུ།
མི་ཚེ་སྟོང་འདངས་དང་ཤུབ་བཤད་ལ་བརྒྱུས་ནས་་འཚོ་བ་ནི།
ཁོ་བོས་ཁྱོད་ཀྱི་མཛའ་མོ་ལ་སྒུག་པ་གཏན་ནས་མིན།

ཁོ་བོས་ཁྱོད་ཀྱི་མཛའ་མོ་ལ་སྒུག་པ་དངོས་གནས་མིན་ཏེ།
སྙན་ཚིག་གི་ཐིག་ཕྲེང་རེ་རེ་ལ་ཡང་།
རྒྱ་སེ་མེ་ཏོག་གི་དུངས་བ་འཁུར་ཤེས་བའི་མིང་ཚིག་ཅིག་ཀྱང་མ་རྙེད།
འོན་ཀྱང།  ཁོ་བོས་མིག་ཟུང་འགུལ་མེད་དུ་ཅེར་ནས།
ཨེ་ཡིན་སྙམ་པའི་གྲིབ་གཟུགས་རེ་རེ་ལ་ཡང་།
རྒྱུན་དུ་སྒུག་ཡོད། 


ཁོ་བོས་ཉམས་པ་མེད་པའི་སྙིངས་སྟོབས་ཀྱི་མེ་རི་ཞིག་སྤར་ནས་སྒུག་ཡོད་ལ།
ཁོ་བོས་མཛད་པ་མེད་པའི་སྐྱོ་སྡུག་གི་མིག་ཆུ་ཁྱོརགང་བསོག་ནས་སྒུག་ཡོད།
ཡོད་ཀྱང་།  ཁོ་བོས་ཁྱེད་ཀྱི་མཛའ་མོ་ལ་སྒུག་པ་ག་ལ་ཡིན་།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།