ལྷ་ས།
རི་བོ་གྲུ་འཛིན་གྱི་ཁྱིམ་ཚང་ཆེན་མོ་
སངས་རྒྱས་ཀྱི་ཚོགས་པའི་གདན་ས་
མ་ཎི་ཡིག་དྲུག་གི་དབྱངས་སྙན་སྒྲོག་ས་
གཙུག་ལག་གི་བྲག་ཅ་ལྡིར་ས་
ལྷ་ས་ ང་ཡི་གནས་མཆོག་
པོ་ཏ་ལ་ཡི་རྡོ་ཐེམ་ལས་
ཁྱེད་ཀྱི་ལོ་རྒྱུས་ཀྱི་རྨ་ཁ་རྙེད་བྱུང་ལ་
གཙུག་ལག་ཁང་གི་མདུན་ས་ནས་
ལ་རྒྱ་ཟེར་བའི་དཔུང་བ་ཕྲག་པོ་ཞིག་
ངའི་དྲན་འཛིན་གྱི་ཡུལ་དུ་ངང་གིས་ཐོགས་བྱུང་
དད་ལྡན་སེར་སྐྱ་དུ་མའི་
ཕྱག་འཚལ་གྱི་ཐག་སྒྲ་ཐོས་དུས་
སྐམ་བསླད་པའི་སེམས་པ་འདི་
གློ་བུར་ མིག་ཆུ་ཁྲུམ་ཁྲུམ་ཞིག་གིས་བརླན་བྱུང་
སྐྱོ་བ་དང་རེ་སྨོན་ཀྱི་ཁྲོད་
ང་རང་ཡང་བར་བསྐོར་ལ་བསྐོར་བ་ཞིག་བརྒྱབ་
ལྷ་ས་ སྐབས་དེར་ང་རང་ངོ་གནས་བཟི་སོང་
ཁྱེད་ཀྱི་གཟི་འོད་དང་སྤོབས་ཉམས་
བྱམས་སེམས་དང་སྙིང་རྗེ་
ལ་རྒྱ་དང་དུང་ཞེན་
ད་དུང་ཡ་ང་བའི་ལོ་རྒྱུས་དེས་
ལྷ་ས་ འདས་པ་ ད་ལྟ་ མ་འོངས་
ཁྱེད་འགྱུར་མེད་ཀྱི་གནས་མཆོག་དེ་ཡིན་ལ་
མདོང་དམར་བའི་མགོན་སྐྱབས་གཅིག་པོ་དེ་རེད་
རྩོམ་ཁུངས། ངེད་དྲ་བ།