དེ་དང་དེའི་མཇུག་ཏུ།


ཐམས་ཅད་ལྷིང་འཇགས་སུ་སོང་བ་ན
རྩྭ་ཐང་དུ་ཡོད་པའི་འཇག་མ་ཁེར་རྐྱང་ཅིག
སྐར་མདའི་གཟུགས་སུ་རླུང་བུའི་རེག་བྱ་དང་མཉམ་དུ
གནའ་བོའི་རྒྱལ་ཁམས་ཉུལ་བར ཡང་ན་སྐྱེ་བ་སྔོན་མའི་ཆུང་གྲོགས་དེ་འཚོལ་དུ
གང་གི་བཤད་ཡམས་དེའི་རི་མོ་ཞིག་ལ་འཁྱིལ་འདུག

སྐད་ཆ་དེ་ནི་ཤེལ་སྒོའི་སྲ་གཟུགས་སུ་གདོང་གཏུག་བརྒྱབ་པ་ན
མིའི་རིགས་ཀྱིས་ཁོང་འདར་རེ་བྱས་ནས
འཇའ་ཚོན་དང་ཆར་བ་ལ་ད་དུང་སྨོན་ལམ་རྒྱག
ཡང་བསྐྱར་གཤོག་པ་འཚིག་གིན་པའི་བྱ་རོག་ཅིག་དང
མེ་ལོང་ཆག་སོང་བའི་བུ་མོ་ཞིག་གི་མིག་ཆུ་ལ་འབྱར

ཁོ་བོ་མཚམས་མཚམས་སུ་དངངས་སད་བྱེད་པ་དང་འདྲ་བར
མི་རྣམས་གློ་བུར་གློ་བུར་དུ་སྒོ་དང་སྒེའུ་ཁུང་ལ་འཚང
འོན་ཀྱང་ཆུ་བོ་དང་ས་གཞི་གཡོ་འགུལ་མེད་པར
དམག་འཁྲུག་གི་རྗེས་སུ་ད་དུང་ཞ་ར་ཞིག་དང་འདྲ་བར
ཨ་མའི་པང་དུ་ངུ་མ་དགོད་དུ་ཁྱོད་ཀྱི་ངོ་གདོང་ལ་ཧད

ནམ་ལངས་པ་དང་མཉམ་དུ་ཁྱོད་ཀྱི་ཀླད་པའི་རྩ་ཆེན་རེ་རེ་འགུལ་ལ
མིག་ཟུང་ཡང་འདོད་པའི་ཕྱོགས་སུ་རིག་རིག་བྱས་པ
མཚན་མོའི་གཉིད་ཆགས་ཀྱིས་བསླུས་པའི་ཡོད་ཚད་ནས་ཡོད་ཚད
སྐྱིན་འཚབ་ལ་སྤྲོད་དགོས
ངས་ཀྱང་གློག་འོད་ལ་སྙིང་རྗེ་སློང་བ་བཞིན
རང་གི་སྐྲ་ལོ་དང་བཅས་པ་སྔས་མགོའི་སྟེང་དུ་བཞག

གར་མ་སྦེད་རོགས
གར་མའི་གདོང་གི་ཁ་དོག་དང་བཅས་པ
ཡང་ན་ལྷུན་ཆགས་སུ་འགྲོ་མ་མྱོང་བའི་གར་མ་རང་ཉིད་དང་དེའི་རིགས་སོ
                 ༢༠༡༢ ༤ ༣
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་དང་དེའི་མཇུག་ཏུ།

2012-04-11 དུག་ཞགས། ཀློག་གྲངས། མཆན ཡོད།


ཐམས་ཅད་ལྷིང་འཇགས་སུ་སོང་བ་ན
རྩྭ་ཐང་དུ་ཡོད་པའི་འཇག་མ་ཁེར་རྐྱང་ཅིག
སྐར་མདའི་གཟུགས་སུ་རླུང་བུའི་རེག་བྱ་དང་མཉམ་དུ
གནའ་བོའི་རྒྱལ་ཁམས་ཉུལ་བར ཡང་ན་སྐྱེ་བ་སྔོན་མའི་ཆུང་གྲོགས་དེ་འཚོལ་དུ
གང་གི་བཤད་ཡམས་དེའི་རི་མོ་ཞིག་ལ་འཁྱིལ་འདུག

སྐད་ཆ་དེ་ནི་ཤེལ་སྒོའི་སྲ་གཟུགས་སུ་གདོང་གཏུག་བརྒྱབ་པ་ན
མིའི་རིགས་ཀྱིས་ཁོང་འདར་རེ་བྱས་ནས
འཇའ་ཚོན་དང་ཆར་བ་ལ་ད་དུང་སྨོན་ལམ་རྒྱག
ཡང་བསྐྱར་གཤོག་པ་འཚིག་གིན་པའི་བྱ་རོག་ཅིག་དང
མེ་ལོང་ཆག་སོང་བའི་བུ་མོ་ཞིག་གི་མིག་ཆུ་ལ་འབྱར

ཁོ་བོ་མཚམས་མཚམས་སུ་དངངས་སད་བྱེད་པ་དང་འདྲ་བར
མི་རྣམས་གློ་བུར་གློ་བུར་དུ་སྒོ་དང་སྒེའུ་ཁུང་ལ་འཚང
འོན་ཀྱང་ཆུ་བོ་དང་ས་གཞི་གཡོ་འགུལ་མེད་པར
དམག་འཁྲུག་གི་རྗེས་སུ་ད་དུང་ཞ་ར་ཞིག་དང་འདྲ་བར
ཨ་མའི་པང་དུ་ངུ་མ་དགོད་དུ་ཁྱོད་ཀྱི་ངོ་གདོང་ལ་ཧད

ནམ་ལངས་པ་དང་མཉམ་དུ་ཁྱོད་ཀྱི་ཀླད་པའི་རྩ་ཆེན་རེ་རེ་འགུལ་ལ
མིག་ཟུང་ཡང་འདོད་པའི་ཕྱོགས་སུ་རིག་རིག་བྱས་པ
མཚན་མོའི་གཉིད་ཆགས་ཀྱིས་བསླུས་པའི་ཡོད་ཚད་ནས་ཡོད་ཚད
སྐྱིན་འཚབ་ལ་སྤྲོད་དགོས
ངས་ཀྱང་གློག་འོད་ལ་སྙིང་རྗེ་སློང་བ་བཞིན
རང་གི་སྐྲ་ལོ་དང་བཅས་པ་སྔས་མགོའི་སྟེང་དུ་བཞག

གར་མ་སྦེད་རོགས
གར་མའི་གདོང་གི་ཁ་དོག་དང་བཅས་པ
ཡང་ན་ལྷུན་ཆགས་སུ་འགྲོ་མ་མྱོང་བའི་གར་མ་རང་ཉིད་དང་དེའི་རིགས་སོ
                 ༢༠༡༢ ༤ ༣
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།