རྣོ་ཟུར་གྱི་སྙན་ངག་ཁག་གཉིས།

          ཁ་བ་ཞི་དུས།         
                     ________ཆུང་མ་འཚོལ་བའི་བརྒྱུད་རིམ་ལས།
ཁ་བ་ཉི་མས་ཞི་དུས
སེམས་པ་ཁྱོད་ཕྱོགས་ཀྱི་འདབ་མ་རེ་རེར་སིམ་སའི་བར་སྣང
སྟོང་འཇགས་ཀྱི་བར་སྣང
སྤྲིན་པ་ཚོམ་བུ་འཁོར་སའི་བར་སྣང
ཞེ་ཐོགས་སའི་སྒྱེད་པུ་དང་བ་མ
 
འཛུམ་གྱིས་བཏེགས་པའི་ཟུར་མིག་དྭངས་མོ
ལྷོད་ཀྱིས་བསྡམ་པའི་འཚོ་བའི་ཐག་པ
ཞེ་ལ་མ་སྐྱེས་པ་མིན་པའི་ས་བོན
རེ་རེའི་གསེང་ནས་བཅུམ་པའི་ཁེར་རྐྱང་གི་པུས་མོ་དང་སྣང་པ
 
ཁྱིམ་ཞིག་ཏུ་ཚང་དགོས་པའི   པ་ཕ་བ་མ
ཁྱིམ་ཞིག་ཏུ་སྤྱོད་དགོས་པའི   ཅ་ཆ་ཇ་ཉ
ཁང་བ་ཞིག་གི་ཤིང་ཆ་དང་ཉལ་གདན
ཡོད་ཚད་རྔུལ་ཆུ་དང་རྣག་ཁྲག་གི་ཁུག་ཏུ
འགྲེལ་ལོག་དང་འོ་དོད     འཛུམ་མདངས་དང་བགོད་སྒྲ
 
འདི་ལྟར   མིག་ཤེལ་དང་ཤོག་པུའི་མཐའ་ན་ཡན་པའི་འཚོ་བ་དེས
ང་རང་རྒས་འཁོགས་ཀྱི་བས་མཐའ་རུ་བརྫང་དུས
སུ་ཞིག་གི་གཅེས་ཕྲུག་ལག་ནས་གཟིམ་པ་དེ་ཡིན
                                          ༢༠༡༢    ༡   ༧ཉིན་ཕ་ཡུལ།

           ལོ་དེའི་མཚན་མོ།
ཟླ་འོད་གཟིམ་པའི་མུན་ནག་གིས་ཚུལ་རྒོལ་ངོགས་སུ་འབར་བའི་གནའ་བོའི་ཡི་གེ་རྡོག་གཅིག་ཁུར་བའི་སློབ་བུ
ལག་པ་གཡས་གཡོན་ནས་སྐྱོར་ཏེ་གློག་ཐབ་ལས་དམར་བའི་ཁྲག་གི་དབུགས་ལྒང་དེར་བརྫངས་དུས་ཀྱི་ལོ་དེའི་མཚན་མོ
ཉིན་ཐོ་འབྲི་དེབ་རེ་རེ་ན་འགྱུ་བའི་ཕྱིར་དྲན་དང་གདུང་བའི་ཐ་སྙད་གསོན་པོ་དང་དྲོན་པོ
རང་གཞན་གང་རུང་གི་རྨི་ལམ་དུ་འཚེར་བའི་རེ་བའི་གཏིང་མཐའ་རུ་འཁྱིལ་པའི་རྣག་ཁྲག་ཕོར་གང
 
རང་དབང་གིས་སྐྱེས་པའི་སྐྲ་ལོ་ཞིག་གཏུབ་གྲིའི་ཁ་ནས་འགྱེལ་སོང་
རང་དབང་གིས་བཤད་པའི་སྐད་ཆ་ཞིག་གཅར་བརྡུངས་ཁྲོད་ནས་སྤས་སོང
གང་ལྟར   དཀོན་མཆོག་ཅིག་དྲན་བྱུང    སྐྱབས་ཡུལ་ཞིག་སྒོམ་བྱུང
 
                   ༢༠༡༢   ༣     ༢༠ཉིན་ལན་དྲུག་ཏུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣོ་ཟུར་གྱི་སྙན་ངག་ཁག་གཉིས།

2012-04-08 རྣོ་ཟུར། ཀློག་གྲངས། མཆན ཡོད།

          ཁ་བ་ཞི་དུས།         
                     ________ཆུང་མ་འཚོལ་བའི་བརྒྱུད་རིམ་ལས།
ཁ་བ་ཉི་མས་ཞི་དུས
སེམས་པ་ཁྱོད་ཕྱོགས་ཀྱི་འདབ་མ་རེ་རེར་སིམ་སའི་བར་སྣང
སྟོང་འཇགས་ཀྱི་བར་སྣང
སྤྲིན་པ་ཚོམ་བུ་འཁོར་སའི་བར་སྣང
ཞེ་ཐོགས་སའི་སྒྱེད་པུ་དང་བ་མ
 
འཛུམ་གྱིས་བཏེགས་པའི་ཟུར་མིག་དྭངས་མོ
ལྷོད་ཀྱིས་བསྡམ་པའི་འཚོ་བའི་ཐག་པ
ཞེ་ལ་མ་སྐྱེས་པ་མིན་པའི་ས་བོན
རེ་རེའི་གསེང་ནས་བཅུམ་པའི་ཁེར་རྐྱང་གི་པུས་མོ་དང་སྣང་པ
 
ཁྱིམ་ཞིག་ཏུ་ཚང་དགོས་པའི   པ་ཕ་བ་མ
ཁྱིམ་ཞིག་ཏུ་སྤྱོད་དགོས་པའི   ཅ་ཆ་ཇ་ཉ
ཁང་བ་ཞིག་གི་ཤིང་ཆ་དང་ཉལ་གདན
ཡོད་ཚད་རྔུལ་ཆུ་དང་རྣག་ཁྲག་གི་ཁུག་ཏུ
འགྲེལ་ལོག་དང་འོ་དོད     འཛུམ་མདངས་དང་བགོད་སྒྲ
 
འདི་ལྟར   མིག་ཤེལ་དང་ཤོག་པུའི་མཐའ་ན་ཡན་པའི་འཚོ་བ་དེས
ང་རང་རྒས་འཁོགས་ཀྱི་བས་མཐའ་རུ་བརྫང་དུས
སུ་ཞིག་གི་གཅེས་ཕྲུག་ལག་ནས་གཟིམ་པ་དེ་ཡིན
                                          ༢༠༡༢    ༡   ༧ཉིན་ཕ་ཡུལ།

           ལོ་དེའི་མཚན་མོ།
ཟླ་འོད་གཟིམ་པའི་མུན་ནག་གིས་ཚུལ་རྒོལ་ངོགས་སུ་འབར་བའི་གནའ་བོའི་ཡི་གེ་རྡོག་གཅིག་ཁུར་བའི་སློབ་བུ
ལག་པ་གཡས་གཡོན་ནས་སྐྱོར་ཏེ་གློག་ཐབ་ལས་དམར་བའི་ཁྲག་གི་དབུགས་ལྒང་དེར་བརྫངས་དུས་ཀྱི་ལོ་དེའི་མཚན་མོ
ཉིན་ཐོ་འབྲི་དེབ་རེ་རེ་ན་འགྱུ་བའི་ཕྱིར་དྲན་དང་གདུང་བའི་ཐ་སྙད་གསོན་པོ་དང་དྲོན་པོ
རང་གཞན་གང་རུང་གི་རྨི་ལམ་དུ་འཚེར་བའི་རེ་བའི་གཏིང་མཐའ་རུ་འཁྱིལ་པའི་རྣག་ཁྲག་ཕོར་གང
 
རང་དབང་གིས་སྐྱེས་པའི་སྐྲ་ལོ་ཞིག་གཏུབ་གྲིའི་ཁ་ནས་འགྱེལ་སོང་
རང་དབང་གིས་བཤད་པའི་སྐད་ཆ་ཞིག་གཅར་བརྡུངས་ཁྲོད་ནས་སྤས་སོང
གང་ལྟར   དཀོན་མཆོག་ཅིག་དྲན་བྱུང    སྐྱབས་ཡུལ་ཞིག་སྒོམ་བྱུང
 
                   ༢༠༡༢   ༣     ༢༠ཉིན་ལན་དྲུག་ཏུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།