མིག་ཆུ་སྦྲུམ་པའི་རྒྱང་མཐོང་།
བར་སྣང་ན་རྒྱུ་བའི་རྐང་འཐུང་ཚོགས
ལོ་ངོ་ཉིས་སྟོང་ལྷག་གི་སྟོན་པའི་ལྷུང་བཟེད
དེ་རིང་གི་ས་སྲོད་ནང་བཞིན
ཁྱོད་ཀྱི་ངོ་གདོང་ལ་གས་ཆག་ཤོར
རི་རབ་དང་གཙང་བོས་མིག་ཟུང་ཁྱུར་མིད་བྱས
ང་ཚོ་ནི་ཞོགས་པའི་རི་སུལ་དུ་སྐྱེས་པའི་འུག་པ་དག་ཡིན
ལོ་རྒྱུས་ཀྱི་སེང་རས་བརྟོལ་ནས་དམར་ཧྲེང་ངེར་ལུས
མཚན་མོའི་ཉི་ཟེར་གྱི་སྐྱོ་གདུང
སྐད་ཆའི་བ་སྤུར་འབྱར་བའི་སྔུར་སྒྲ
འཁྱག་དར་ལ་ཆགས་པའི་འཛུམ་རིས་ཡལ
རྐང་ལམ་ན་ང་ཡི་སེམས་ལྗོངས་ཁུར་བའི་ཁ་སང་འགུལ
འོད་ཟེར་གྱིས་ནམ་མཁར་བཟོས་པའི་སྨུག་པ
མིག་གི་བསུ་མའི་བར་ནས་སུ་ཡི་ལོག་མལ་རེད
སང་ཉིན་གྱི་གོམ་སྒྲས་བསྐྱུར་བའི་ལུས་དང་སེམས་པ
ལོ་ཟླའི་ཕྱིར་མིག་ལ་ཕྱོགས་པའི་འཇའ་ཚོན་གྱི་ཞལ་རས
2012-3-21ཞོགས་པར།
རྩོམ་ཁུངས། ངེད་དྲ་བ།