མི་ཁའི་རླུང་ནང་དུ་བརྡར་བའི་ང་།
ཤོག་བྱ་བཞིན་སྤུར་བའི་སེམས་པ་དེ
རྣོ་ལྕགས་ལས་གྲུབ་པའི་མདུང་རྩེ་དག་ལ་གླན་ཚེ
དུས་ཚིགས་ཀྱི་བར་གསེང་ནས
མྱི་རྐྱང་གི་སྡུག་བསྔལ་བརྗོད་པའི
ཁ་བ་དེ་རླུང་གིས་འདེད འདི་ནི་ང་ལ
བརྩེ་བ་ཆེ་བའི་དགའ་ལོ་ཞིག་གིས
ཆེད་དུ་ཕུལ་བའི་ལེགས་སྐྱེས་ཞིག་དང་ཅིས་མི་མཚུངས
དེ་རིང་ དྲིན་མ་ལོ་དང་བཅས་པ་འགྱུར་སོང་ན
ང་གྲང་ཅང་ཅང་དུ
ཅི་ཞིག་ལ་འདར་དགོས་པ ད་གཟོད
མི་ཞིག་ལ་འཛོམས་མེད་པའི་དཀར་ནག་གི་ལམ་བུ་རེ་རེ་ལ་སོ་ལྟ་བྱེད་པ་ངང་གིས་དྲན།
རྩོམ་ཁུངས། ངེད་དྲ་བ།