སེམས་པའི་ཕྱི་ནང་ཉུལ་བ།

           ༡
ཆུང་ཆུང་ལོ་གཉོམ་ཡིན་དུས
ཕུགས་བསམ་དེ་ཁབ་ཀྱི་མགོ་གཞིས་ལས་ཆེ་ཙམ་ཡོད
འདབས་ཀྱི་སྒོ་ཟོག་ལས་མང་ཙམ་མངའ
ལོ་ཟླ་དང་མཉམ་བསྐྱོད་ཀྱི་རྡུལ་འཚུབ་ཁྲོད་ནས
ཕུགས་བསམ་དེ    རི་ངོས་ནས་འགྲིལ་བའི་རྦབ་རྡོ་བཞིན་ཇེ་ཆུང་ནས་ཇེ་ཆུང
སེམས་ཁྲལ་ཞིག   ཐོད་ལ་དཔྱངས་པའི་གཉེར་མ་ཇི་བཞིན་ཇེ་མང་ནས་ཇེ་ཟབ
ལས་ཀ     སྡོད་ཁང   ཆུང་མ     ད་དུང་བྱིས་པ་་་་་་
ནར་སོན་པས    ཕུགས་བསམ་ཡང་རྒས་ཀྱིན་འདུག
ཞེད་སྣང་ཞིག་དང་ལྷན་དུ་རྒས་ཀྱིན་འདུག
         ༢
ནོར་བུ་དགོས་འདོད་དཔུང་འཇོམས་ཀྱི་བདག་ཉིད་ཅན་ནམ
དཔག་བསམ་འཁྲི་ཤིང་གི་གྲིབ་བསིལ་འོག་ཏུ་འགྲེང་མཁན་དེ་ང་ཡིན་ཚེ
ང་ལ་ལམ་ལྷོངས་བྱུང་བར་རེ་གལ་ཆེ་བའི་དོན་བྱ་གཉིས་ཏེ
ཤེས་པར་བྱ་བའི་གནས་གང་ལ་སྦྱངས་བརྩོན་ཧུར་ཐག་དང
དུངས་ཤིང་ཞེན་པའི་མི་དེ་དང་ལུས་སེམས་གཞི་གཅིག་ཏུ་འདྲེས་རྒྱུ་དེ་ཡིན
སློབ་གཉེར་ནི   ཆ་ཚང་གི་མི་གཞི་བསྐྲུན་པའི་བརྒྱུད་ལམ་ཡིན་ཙང
ང་ལ་འདི་ལས་ལྷག་པའི་ཡིད་ཆེས་ཀྱི་ལམ་བུ་མེད
བརྩེ་དུང་ནི   རང་ཉིད་ལ་ཡིད་ཆེས་དང་གདམ་གའི་དུས་ཚོད་ལྷགས་པ་ཡིན་པས
ང་ལ་འདི་ལས་ལྷག་པའི་གོ་སྐབས་མེད
          ༣
རོལ་རྩེད་ལས་འཇིག་རྟེན་དང་ཁྱིམ་ཐབ་མི་ཤེས་པའི་བྱིས་དུས
ཁྱོད་ཀྱི་ལང་ཚོ་དང  དབང་དྲག  འབྱོན་ནུས་སོགས་ལ་སྨོན་པ་འཆོར་མྱོང
ཁྱིམ་ཐབ་ལས་བག་ཡངས་དང་རོལ་རྩེད་ལ་གྱེས་ཕྱག་ཕུལ་བའི་ད་ལྟ
ཁོ་བོའི་རྨི་ལམ་དང་བྱིས་སྒྲུང་གིས་ཉར་བའི་བྱིས་དུས་ཀྱི་ལོ་ཟླ་ཞེ་རུ་ཐོགས

                                            ༢༠༡༢  ༣  ༤
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པའི་ཕྱི་ནང་ཉུལ་བ།

2012-03-12 སེང་ཆེན། ཀློག་གྲངས། མཆན ཡོད།

           ༡
ཆུང་ཆུང་ལོ་གཉོམ་ཡིན་དུས
ཕུགས་བསམ་དེ་ཁབ་ཀྱི་མགོ་གཞིས་ལས་ཆེ་ཙམ་ཡོད
འདབས་ཀྱི་སྒོ་ཟོག་ལས་མང་ཙམ་མངའ
ལོ་ཟླ་དང་མཉམ་བསྐྱོད་ཀྱི་རྡུལ་འཚུབ་ཁྲོད་ནས
ཕུགས་བསམ་དེ    རི་ངོས་ནས་འགྲིལ་བའི་རྦབ་རྡོ་བཞིན་ཇེ་ཆུང་ནས་ཇེ་ཆུང
སེམས་ཁྲལ་ཞིག   ཐོད་ལ་དཔྱངས་པའི་གཉེར་མ་ཇི་བཞིན་ཇེ་མང་ནས་ཇེ་ཟབ
ལས་ཀ     སྡོད་ཁང   ཆུང་མ     ད་དུང་བྱིས་པ་་་་་་
ནར་སོན་པས    ཕུགས་བསམ་ཡང་རྒས་ཀྱིན་འདུག
ཞེད་སྣང་ཞིག་དང་ལྷན་དུ་རྒས་ཀྱིན་འདུག
         ༢
ནོར་བུ་དགོས་འདོད་དཔུང་འཇོམས་ཀྱི་བདག་ཉིད་ཅན་ནམ
དཔག་བསམ་འཁྲི་ཤིང་གི་གྲིབ་བསིལ་འོག་ཏུ་འགྲེང་མཁན་དེ་ང་ཡིན་ཚེ
ང་ལ་ལམ་ལྷོངས་བྱུང་བར་རེ་གལ་ཆེ་བའི་དོན་བྱ་གཉིས་ཏེ
ཤེས་པར་བྱ་བའི་གནས་གང་ལ་སྦྱངས་བརྩོན་ཧུར་ཐག་དང
དུངས་ཤིང་ཞེན་པའི་མི་དེ་དང་ལུས་སེམས་གཞི་གཅིག་ཏུ་འདྲེས་རྒྱུ་དེ་ཡིན
སློབ་གཉེར་ནི   ཆ་ཚང་གི་མི་གཞི་བསྐྲུན་པའི་བརྒྱུད་ལམ་ཡིན་ཙང
ང་ལ་འདི་ལས་ལྷག་པའི་ཡིད་ཆེས་ཀྱི་ལམ་བུ་མེད
བརྩེ་དུང་ནི   རང་ཉིད་ལ་ཡིད་ཆེས་དང་གདམ་གའི་དུས་ཚོད་ལྷགས་པ་ཡིན་པས
ང་ལ་འདི་ལས་ལྷག་པའི་གོ་སྐབས་མེད
          ༣
རོལ་རྩེད་ལས་འཇིག་རྟེན་དང་ཁྱིམ་ཐབ་མི་ཤེས་པའི་བྱིས་དུས
ཁྱོད་ཀྱི་ལང་ཚོ་དང  དབང་དྲག  འབྱོན་ནུས་སོགས་ལ་སྨོན་པ་འཆོར་མྱོང
ཁྱིམ་ཐབ་ལས་བག་ཡངས་དང་རོལ་རྩེད་ལ་གྱེས་ཕྱག་ཕུལ་བའི་ད་ལྟ
ཁོ་བོའི་རྨི་ལམ་དང་བྱིས་སྒྲུང་གིས་ཉར་བའི་བྱིས་དུས་ཀྱི་ལོ་ཟླ་ཞེ་རུ་ཐོགས

                                            ༢༠༡༢  ༣  ༤
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།