སྙན་ངག་ཐུང་ངུ་དགུ།

གོ་གཞོན་བསོད་སྟོབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-07

          འཆད་ཁྲིད་ལ་ཉན་དུས་ཀྱི་ཁེར་རྐྱང་གི་སྣང་བ།
འཆད་པ་པོས་དབྱིན་སྐད་ཐོག་ནས་གནད་དོན་ཞིག་ལབ་རྗེས།
མཐའ་འཁོར་གྱི་ཉན་མཁན་ཚོ་འུར་དི་རེར་བགད་བྱུང་།

ལོ་ཙཱ་བས་གནད་དོན་དེ་ཡང་བསྐྱར་རྒྱ་སྐད་ཐོག་ནས་ལབ་རྗེས།
ད་གཟོད་ངས་ཀྱང་ཁེར་དགོད་ཅིག་བྱས།
                                 2011/10/28 པེ་ཅིན།

            རྩམ་པ་དང་འབྲེལ་བའི་ཉིན་གཅིག་གི་སྐད་ཆ།
ཞོགས་པ།
རྩམ་པ་མ་ཟོས་པ་ཡུན་རིང་འདས་སོང་།
དེ་རིང་རྩམ་པ་ཞིག་བཟས་རྒྱུ་ཡིན་ཟེར།

ཉིན་གུང་།
ཞོགས་པ་རྩམ་པ་ཟོས་པས།
ད་ལྟ་གྲོད་ཁོག་བཤལ་གྱིན་འདུག་ཟེར།

དགོང་མོ།
དེ་རིང་ནས་བཟུང་རྩམ་པ་ཟ་གི་མིན།
དེ་རིང་ནས་བཟུང་རྩམ་པ་གཅད་རྒྱུ་ཡིན་ཟེར།
                        2011/11/1 པེ་ཅིན།

           ཐ་མག་ཚིག་སོང་། བདེ་ཐང་བསྲེགས་སོང་།
ཐ་མག་རྐང་གཅིག་ལ་མེ་བསྒོས་རྗེས།
ཁ་འབྱེད་བཙུམ་གྱི་བར་ནས།
ཐ་མག་རྐང་དེ་ཚིག་སོང་།

དུ་བ་སྡོམ་གང་གི་གསོན་སྟོན་ལ་རོལ་རྗེས།
དབུགས་འབྱིན་རྔུབ་ཀྱི་ཧྲག་ནས།
བདེ་ཐང་བསྲེགས་སོང་།
          ༢༠༡༢.༢.༤  ཉིན། ཕ་ཡུལ།

             ཚར་ཐལ།
ཚུལ་མཐུན་ཁྱོ་ཤུག་གི་ལྟག་རྒྱབ་ནས།
ཟུར་མོའི་བརྩེ་བ་ཡི་དུག་སྦྲུལ་འཁྲུངས་པས།
འཆམ་མཐུན་ཁྱུར་མིད་བཏང་སོང་།
ཁྱིམ་ཚང་ཁྱུར་མིད་བཏང་སོང་།

བཟའ་ཚོའི་སྨྲ་བརྗོད་ཀྱི་བརྡབ་གསིག་ཁྲོད་ནས།
གཉེན་འཐོར་གྱི་མེ་ལྕེ་འབར་བས།
ཕྲུ་གུའི་བདེ་སྐྱིད་བསྲེགས་སོང་།
ཕྲུ་གུའི་མ་འོངས་བསྲེགས་སོང་།
              ༢༠༡༢.༢.༤  ཉིན། ཕ་ཡུལ།

          བོད་མི་ཆང་རྐྱལ་བ་ཞིག་གིས་ཕུལ་བའི་སྙན་ཞུའི་ཡི་གེ
                            ------ལྗང་བུའི་སྙན་ངག་ཅིག་ལ་ལད་འབྲི་བྱས་པ།
རི་བོའི་གཏེར་ཁ་ཁྱེད་ཀྱིས་ཁྱེར་ཆོག
ཡར་ཀླུང་གཙང་པོ་ཁྱེད་ཀྱིས་ཁྱེར་ཆོག
ཐ་ན་ཕོ་བྲང་དཀར་དམར་ཡང་ཁྱེད་ཀྱིས་ཁྱེར་ཆོག
འོན་ཀྱང་། ལྷ་སའི་སྦི་རག་བཟོ་གྲྭ་གཅིག་པུ།
ང་ལ་འཇོག་རོགས་གནང་།
                     ༢༠༡༢.༢.༥  ཉིན། ཕ་ཡུལ།

          ཆུ་ནང་ཟླ་བ་འཛིན་རྒྱུ་མེད་པར་རྒོལ་བ།
ཤོག་བུ་གོར་མོ་ཞིག་གི་སྟེང་དུ།
ཟླ་བ་ཞེས་ཡིག་འབྲུ་གཉིས་བྲིས་རྗེས།
ཆུ་ཟོ་བ་གང་གི་ནང་དུ་གཡུག
ཡུད་ཙམ་ནས་ཤོག་བུ་དེ་ལག་ཏུ་ཐོགས་ནས།
ཟླ་བ་ཞེས་ཡང་ནས་ཡང་དུ་བོས།
             ༢༠༡༢.༢.༦ཉིན། ཕ་ཡུལ།

           རྒོལ་ལན་སློག་པ།
ཉོག་གཏམ་གྱི་ཤ་འོད་བྲུག་པའི་ཚོགས་འདུའི་སྐབས་སུ།
ཆུ་ཡི་ལྦུ་བ་ལྟ་བུའི་འགོ་བའི་སྐད་ཆ་དག
སྒྲིག་སྲོལ་ལྟར་ཟིན་བྲིས་སུ་མི་བཏབ་ཀ་མེད།

ཚོགས་འདུ་གྲོལ་རྗེས།
ཟིན་བྲིས་བཏབ་པའི་ཤོག་བུ་དག
སྨད་འཚོང་མས་ཁམས་དཀར་དམར་ཕྱིས་པའི་ཤོག་བུ་ལྟར།
ཁ་ལུད་དང་སྣ་ལུད་རྫོབ་པོའི་རྫོངས་པ་དང་མཉམ་དུ་སྙིགས་སྒམ་ནང་སྤྱུགས།
                    ༢༠༡༢.༢.༦ཉིན། ཕ་ཡུལ།

             མཚན་གུང་གི་འདོད་འདུན།
གྱང་ལྡེབས་སུ་བཀལ་བའི་ཆུ་ཚོད་ཀྱི་མདའ་ཁབ་དེས།
ཁེར་རྐྱང་གི་ཐ་ཚིག་སྒྲོག་པའི་མཚན་མོར།
རྙིད་ཟིན་པའི་མེ་ཏོག་ཅིག་གི་མཛེས་སྡུག་སེམས་ཀྱིས་འཚོ་གིན།
རྫོགས་ཚར་བའི་བརྩེ་བ་ཞིག་གི་མནར་གཅོད་ཡིད་ཀྱིས་མྱོང་གིན།
སྐར་མས་ཁོག་འདར་རྒྱག་པའི་ནམ་མཁར་ལྟ་དུས།
སྐར་ཚོགས་ཀྱི་མིག་ཆུས་གྲུབ་པའི་དགུ་ཚིགས་ཀྱི་ཆུ་ཀླུང་ཆེན་མོར་ཟམ་པ་ཞིག་ཕུབ་ན་འདོད།
གླང་རྫི་དང་འཐག་མཁན་གྱི་བརྩེ་སེམས་སྦྲེལ་བའི་ཟམ་པ་ཞིག་ཕུབ་ན་འདོད།
ས་གཞི་རིལ་མོའི་ཆུ་ཀླུང་མོད་པོར་ཟམ་པ་རེ་ཡོད་པ་བཞིན།
                                    ༢༠༡༢.༢.༩ཉིན། ཕ་ཡུལ།

            ཕ་ཡུལ།
ཁྱེད་ཀྱི་པང་དུ་འདུག་འདོད་དུས།
སྐྱོ་སྣང་གི་གདུང་རྩེ་ང་ལ་གཏད་བྱུང་།

ཁྱེད་ཀྱི་པང་ནས་འགྲོ་འདོད་དུས།
ཞེན་ཆགས་ཀྱི་ཕུར་བ་ཁྱེད་ལ་བརྟོད་ཟིན།
                ༢༠༡༢.༢.༡༡ཉིན། ཕ་ཡུལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཐུང་ངུ་དགུ།

2012-06-07 གོ་གཞོན་བསོད་སྟོབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།