དོ་ནུབ། ཁང་མིག་འདི་དྲན་པ་ཁོ་ན་རེད།

           ------སྙུག་གྲོགས་གྱེར་མུ་འུབ་ལ།
སྲོད་རླུང་།
དོ་ནུབ   ཕྱི་རོལ་ན་དྲག་རླུང་མེད་ལ
སྡོང་ལོ་དག་ཀྱང་ཁ་རོག་གེར
ང་དང་འདྲ་བར   ཧ་ཅང་འཇམ་པོར་གནས
 
གྱང་ངོར་སྦྱར་བའི་ལྷུན་ཆགས་ཀྱི་བུ་མོ་དེའི་འདྲ་རིས་དང
གཟེངས་མཐོ་བའི་གྲུ་གཟིངས་ཀྱི་པར་གཞི
ཆེ་ཆུང་གི་ཅ་ལག་དེ་དག   ཁ་སང་དང་མི་འདྲ་བར
དོ་ནུབ    ལྷག་ཏུ་འཁུམ་པོ་རེད་ཨང
 
དོ་ནུབ    ཁང་མིག་འདིའི་གྲུབ་ཆ་རེ་རེ་ནས
ལྷིང་འཇགས་ཀྱི་གདོང་བ་ཞིག་འཛུམ་གྱིས་འཐོར་འོང
དོ་ནུབ   ཁང་མིག་འདིའི་ནམ་མཁའ་སྐྱ་བོ་ནས
སྤྲིན་དཀར་གྱི་ལག་པ་ཞིག་དྲོད་ཀྱིས་ལྷུང་འོང
 
ཁུ་སུམ་སུམ་གྱི་དོ་ནུབ    གྲང་ཤུར་ཤུར་གྱི་དོ་ནུབ
བདག་སེམས་ཀྱི་གཤོག་པ་ལེབ་མོ་དེ
བདག་བཟུང་མེད་པར      ཁེར་རྐྱང་དུ་རླུང་བུ་ཇི་བཞིན
སུ་ཞིག་གི་རྗེས་ཤུལ་ན་དལ་བུར་དལ་བུར་དུ་ལྡིང
 
ཕྱིར་མིག་ལ་དུངས་བ་ཆགས་པའི་འགྲོ་ཁ་མར
སེམས་པ་དེ་ང་ལ་བཞགས    གདུང་བ་དེ་ང་ལ་བསྐྱུར
ཆུང་ཆུང་གི་རྒྱབ་ཁུག་དེ་བདེ་མོར་ཁུར་ཅིང
ང་དང་རིང་དུ་གྱེས་པས      ངས་ཁྱོད་ལྷག་ཏུ་དྲན་གི
 
དོ་ནུབ   མགོ་བོ་སྔས་ལ་མ་ཞོགས་པར
རྒྱང་བཅད་པའི་རྒྱབ་གཟུགས་དེ་བསམ་ན
ང་རང   ཁེར་རྐྱང་ཡིན་པ་རྟོགས་འོང
ཚེས་རེས་བཞིན་ཁེར་རྐྱང་ཡིན་པ་རྟོགས་འོང
 
དོ་ནུབ   མཚན་སྨག་གི་ཉིན་སྲིབས་ན
ཡ་ང་བའི་དྲན་པ་ཞིག་འབྲི་བཞིན
ཁང་མིག་གིས་དབྱངས་སུ་འཐེན་པའི་རོལ་དབྱངས་དེ
ང་ཁོ་ནས་མྱོང་གིན་ཡོད   ཁོ་ནས་མྱོང་གིན་ཡོད   མྱོང་གིན་ཡོད ་་་   ་་་
           ༢༠༡༠     ༥       ༡༦
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ། ཁང་མིག་འདི་དྲན་པ་ཁོ་ན་རེད།

2012-05-30 སྲོད་རླུང་། ཀློག་གྲངས། མཆན ཡོད།

           ------སྙུག་གྲོགས་གྱེར་མུ་འུབ་ལ།
སྲོད་རླུང་།
དོ་ནུབ   ཕྱི་རོལ་ན་དྲག་རླུང་མེད་ལ
སྡོང་ལོ་དག་ཀྱང་ཁ་རོག་གེར
ང་དང་འདྲ་བར   ཧ་ཅང་འཇམ་པོར་གནས
 
གྱང་ངོར་སྦྱར་བའི་ལྷུན་ཆགས་ཀྱི་བུ་མོ་དེའི་འདྲ་རིས་དང
གཟེངས་མཐོ་བའི་གྲུ་གཟིངས་ཀྱི་པར་གཞི
ཆེ་ཆུང་གི་ཅ་ལག་དེ་དག   ཁ་སང་དང་མི་འདྲ་བར
དོ་ནུབ    ལྷག་ཏུ་འཁུམ་པོ་རེད་ཨང
 
དོ་ནུབ    ཁང་མིག་འདིའི་གྲུབ་ཆ་རེ་རེ་ནས
ལྷིང་འཇགས་ཀྱི་གདོང་བ་ཞིག་འཛུམ་གྱིས་འཐོར་འོང
དོ་ནུབ   ཁང་མིག་འདིའི་ནམ་མཁའ་སྐྱ་བོ་ནས
སྤྲིན་དཀར་གྱི་ལག་པ་ཞིག་དྲོད་ཀྱིས་ལྷུང་འོང
 
ཁུ་སུམ་སུམ་གྱི་དོ་ནུབ    གྲང་ཤུར་ཤུར་གྱི་དོ་ནུབ
བདག་སེམས་ཀྱི་གཤོག་པ་ལེབ་མོ་དེ
བདག་བཟུང་མེད་པར      ཁེར་རྐྱང་དུ་རླུང་བུ་ཇི་བཞིན
སུ་ཞིག་གི་རྗེས་ཤུལ་ན་དལ་བུར་དལ་བུར་དུ་ལྡིང
 
ཕྱིར་མིག་ལ་དུངས་བ་ཆགས་པའི་འགྲོ་ཁ་མར
སེམས་པ་དེ་ང་ལ་བཞགས    གདུང་བ་དེ་ང་ལ་བསྐྱུར
ཆུང་ཆུང་གི་རྒྱབ་ཁུག་དེ་བདེ་མོར་ཁུར་ཅིང
ང་དང་རིང་དུ་གྱེས་པས      ངས་ཁྱོད་ལྷག་ཏུ་དྲན་གི
 
དོ་ནུབ   མགོ་བོ་སྔས་ལ་མ་ཞོགས་པར
རྒྱང་བཅད་པའི་རྒྱབ་གཟུགས་དེ་བསམ་ན
ང་རང   ཁེར་རྐྱང་ཡིན་པ་རྟོགས་འོང
ཚེས་རེས་བཞིན་ཁེར་རྐྱང་ཡིན་པ་རྟོགས་འོང
 
དོ་ནུབ   མཚན་སྨག་གི་ཉིན་སྲིབས་ན
ཡ་ང་བའི་དྲན་པ་ཞིག་འབྲི་བཞིན
ཁང་མིག་གིས་དབྱངས་སུ་འཐེན་པའི་རོལ་དབྱངས་དེ
ང་ཁོ་ནས་མྱོང་གིན་ཡོད   ཁོ་ནས་མྱོང་གིན་ཡོད   མྱོང་གིན་ཡོད ་་་   ་་་
           ༢༠༡༠     ༥       ༡༦
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།