ཉོག་གཏམ་སྙན་ངག་①འགའ་བྲིས་ཡོད།
དུངས་བརྗོད།
དེ་རིང་ངས་ཁྱོད་དྲན
ངོ་མས་དྲན
ཧ་ཅང་དྲན
ཤིན་ཏུ་དྲན
ལྷག་ཏུ་དྲན
ངོ་མས་ཧ་ཅང་ཤིན་ཏུ་ལྷག་ཏུ་དྲན
དྲན་ནས་ཤི་མི་ཐུབ་ཀི
ཡུམ་དུམ་པ་བཅུ་གཉིས དཀོན་མཆོག་གསུམ
ས་ཁའི་ཆོས བཀའ་བསྟན་འགྱུར
ཨཱ་་་་་་་་་་་་་
སློབ་ཁྲིད།
སློབ་ཁྲིད་གྲོལ་རྗེས
སློབ་ཁྲིད་འཚོགས་མི་དགོས
སློབ་ཁང་དུ་སློབ་མ་གསུམ་མེད
རང་ཉིད་ངོ་སྤྲོད།
ངའི་མིང་ལ་གནའ་གྲོང་ཟེར
ཉིན་དེར་རང་རྫོང་གི་རང་སྡེ་བའི
རང་ཁྱིམ་ནས་སྐྱེས
ངའི་ཨ་ཕའི་མིང་ལ་ཨ་ཕ་ཟེར
ཨ་མའི་མིང་ལ་ཨ་མ་ཟེར
ང་རང་ཨ་ཕ་དང་ཨ་མ་གཉིས་ཀྱི་བུ་ཡིན
འདྲི་ཚིག
ང་ནི་སུ་ཡིན་ནམ
ངས་དམངས་གླུ་ལེན་ཤེས་སམ
ཕག་སློབ་གྲྭར་འགྲོ་དགོས་སམ
རྟ་ལ་བུ་མོ་ཡོད་དམ
བོང་བུའི་སྐྱག་པའི་མིང་ལ་ཅི་ཟེར་རམ
ཕྱི་དྲོ་ང་ཚོར་སློབ་ཁྲིད་ཡོད་དམ
དྲོས་ཇ་འཐུང་རན་ཡོད་དམ
མཛེས་མས་སྐྱག་པ་གཏོང་སྲིད་དམ
ཁྱོད་སུ་ཡིན་ནམ
བོད་ཡིག
བོད་ཡིག་ནི བོད་ཀྱི་ཡི་གེ་ཡིན
རྒྱ་ཡིག་དང་སོག་ཡིག་མིན
བོད་ཡིག་ལ་ཕ་མེད་ལ་མ་ཡང་མེད
ཆུང་མ་ཡང་ཡོད་མི་སྲིད
བོད་ཡིག་རླངས་འཁོར་ལ་བསྡད་མ་མྱོང
བོད་ཡིག་གིས་ཁ་ཧྥེ་འཐུང་མི་ཤེས
འཁྲིག་པ་ཡང་སྤྱོད་མི་ཤེས
བོད་ཡིག་ནི་བོད་ཀྱི་ཡི་གེ་ཡིན
R
ཁྱོད་ཀྱིས་ཁོ་མོ་ངོ་ཤེས་སམ
མི་ཤེས
དེ་ན་ཁྱོས་ངོ་ཤེས་སམ
ངས་ཀྱང་མི་ཤེས
ཁོ་མོ་ནི་སུ་ཡིན་ནམ
ངས་མི་ཤེས
གལ་ཏེ་ཁྱོད་ཀྱིས་ང་ལ་བརྩེ་འཕྲིན་བསྐུར་ཚེ།
ས་གནས། ཀན་སུའུ་ཞིང་ཆེན་སྨུག་སྤྲིན་གྲོང
ཁྲིན་ཀོན་ཁུལ་ནུབ་བྱང་སྡེ་གསར་སྒོ་རྟགས་དང་པོ
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ
བོད་སྐད་ཡིག་རིག་གནས་སློབ་གླིང
༠༩ལོའི་དངོས་གཞི་འཛིན་གྲྭ་དང་པོ
མིང་། གནའ་གྲོང
ཁ་པར། ༠༩༣༡༢༩༢༧༤༠༠
སྦྲགས་སྲིད། ༧༣༠༠༣༠
①ཉོག་གཏམ་སྙན་ངག་(废话诗)ནི་ན་ནིང་དོ་ཚིགས་ལ་རྒྱལ་ནང་དྲ་ཐོག་ན་རྒྱུགས་ཆེ་བའི་སྙན་ངག་རྩོམ་སྟངས་རིགས་ཤིག་རེད། སྲོལ་འབྱེད་པའམ་ཚབ་མཚོན་སྙན་ངག་པ་ནི་རྒྱའི་སྙན་ངག་པ་བཱོའུ་ཆིན་(乌青)རེད། སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ནི་གསར་བ་དང་བབ་ཆགས། དངོས་ཡོད་དམ་རང་དབང་གི་འཚོ་བ་དང་ཐག་ཉེ་སར་བསྐྱོད་རྒྱུ་དེ་ཡིན་པ་འདྲ།
རྩོམ་ཁུངས། ངེད་དྲ་བ།