བདེ་སྐྱིད་འཚོལ་བ།
སྐྱེས་པ་ནས་ད་བར་
ངས་འབད་བརྩོན་བྱས་ལ་རེ་བས་སྒུག་
རྔུལ་ཆུ་དོན་ལ་ཁྲག་དྲོན་འཕྱུང་
ཡོད་ཚད་ཀྱི་ཡོད་ཚད་བདེ་སྐྱིད་འཚོལ་ཕྱིར་ལགས་
འོན་ཀྱང་
བརྩེ་བ་དབུལ་བའི་འཇིག་རྟེན་འདིར་
ངས་བདེ་སྐྱིད་ཞིག་མ་རྙེད་ལ་
གང་དུ་འཚོལ་དགོས་པའང་མི་རྟོགས་
ཁ་ཕྱོགས་མེད་པའི་ང་
མི་ཡུལ་གྱི་གྲུ་ཟུར་འདི་ན་
མགོ་བོ་རྨོངས་ནས་བསྡད་དུས་
གློ་བུར་གི་དྲན་སྣང་ཞིག་ལས་
ང་རང་འཚོ་བ་ནི་བདེ་སྐྱིད་ཡིན་པ་ཤེས་ལ་
ཐོབ་ཟིན་པ་ཡོད་ཚད་བདེ་སྐྱིད་ཡིན་པ་ཤེས་
རྩོམ་ཁུངས། ངེད་དྲ་བ།