སུན་སྣང་།
སྙིང་དམར་པོ ཁོག་པ་དྲི་ངན
གློ མཆིན་པ མཁལ་མ
སྒལ་ཚིགས སྐེ་ཚིགས
ད་དུང་དབང་ཤེས རྣམ་ཤེས་སོགས
ང་ཁྱེད་ཅག་ལ་དམ་དུ་འབྲེལ་ཡོད ངས་ཤེས་ཡོད
ངས་ཡིད་ལ་ལྟོ་བ་ཤར་ཡོང་དུས
ཟ་མ་རང་ཁྱིམ་ནས་བཟོ་བར་གྲ་སྒྲིག་བྱས་ཟིན
ཡིན་ཡང ང་རྒྱ་སྲིང་དུ་ཟ་མ་ཟ་རུ་ཕྱིན་འགྲོ
ནམ་རྒྱུན དེ་ལྟར་ཕྱིན་འགྲོ
དགའ སྐྱོ སྡུག ན འདི་དག་ཚང་མ
ཁ་ཟས་ཤིག་ཡིན་རྒྱུ་ན
ངས་སྔ་མོ་ནས་འཁྱུར་མིད་རྒྱབ་ཟིན
འོན་ཏེ དེ་དག་དངོས་ནས་ཁ་ཟས་ཤིག་ཡིན་རྒྱུ་ན
ཉིན་གཅིག་ལ ཇ་ཁ་དགུ་བྱས་ནས་ཟ་དགོས་པའི
ཁ་ཟས་ཤིག་ཡིན་སྲིད ཟ་མི་འདོད་ཀྱང
མ་ཟས་ན་མི་ཆོག་པའི
ཟས་ཚར་རྒྱུ་མེད་པའི་ཁ་ཟས་ཤིག་ཡིན་སྲིད་་་
༢༠༡༢.༠༣.༢༡མཚན་མོར།
རྩོམ་ཁུངས། ངེད་དྲ་བ།