སྙན་ངག་གིས་སེལ་བའི་འཇིགས་སྣང་གི་འཚོ་བ།

ལང་ཚོའི་སྟོབས་ཤུགས་རྫོགས་ལ་ཉེ་བའི་དུས་དེར།
ངས་མགོ་བོ་ཡར་ལ་དགྱེ་ནས།
རྩིག་ལྡེབས་ངོས་ཀྱི་མེ་ལོང་ལ་བལྟ་དུས།
ཕངས་སེམས་ཤིག་གཏིང་ནས་སྐྱེས་སོང་།
ནམ་རྒྱུན་དང་འདྲ་བའི་ཁོར་ཡུག་དེ།
སྐད་ཅིག་ཉིད་དུ་སྟོང་སིང་ངེར་གྱུར་ལ།
ཁ་པར་གྱི་སིལ་སྒྲ་དེའང་འཇམ་སོང་།
རིག་རིག་གི་མིག་ཟུང་ལྐོག་ཏུ་ལྷུང་བའི་གདུང་ཡུས་མོད་ཀྱང་།
བདག་གི་སེམས་ཀྱིས་སྐྱོང་བའི་ཟླ་འོད་ཁྱོད།
འཇིག་རྟེན་འདིའི་གཏམ་རྒྱུད་རྫུན་མར་ཡིད་ཆེས་རློམ་ནས་བཞུད་སོང་།

དགའ་ལྡན་བྱིན་རླབས་ཀྱི་གཡོས་བའི་གནས་འདི་རུ།
བརྩེ་དུང་གི་མུ་འབྲེལ་ཕྲེང་བ་གླིང་ལ་བསྐོར་ཏེ།
མི་འགྱུར་དམ་ཚིག་རྡོ་བརྐོས་རི་མོ་བཞིན་རུས་ལ་ཟུག་དུས།
ཁྱེད་ཀྱིས་ལྷོད་ཆོག་ཆོག་གི་ལག་ཟུང་ཕྲ་མོ་དུས་ཀུན་མངོན།
མིག་ཆུ་ག་ཚོད་བཏང་བ་བགྲང་མི་ཐུབ་པའི་ལོ་ཟླ་དེར།
ཞག་གཅིག་ལ་སླེབས་པའི་སྡུག་གི་གཉེར་མ།
མེ་ལོང་དུ་ཤར་བའི་ཞལ་རས་སུ་བརྩེགས་འགོ་བརྩམས།

རྨི་ལམ་དུ་མི་འཁོར་བའི་མངོན་སུམ་གྱི་འཚོ་བ་ན།
བརྩེ་དུང་རྨས་མའི་སེམས་པ་མེ་ལ་བསགས་དུས།
ན་ཟུག་གི་ཀློང་དུ་འཐིམས་པའི་བེམ་པོ།
གློ་བུར་དུ་མུན་ནག་འཐིབས་ཏེ་བཞུད་ཀྱང་།
ཁྱེད་ལ་དུས་ནམ་ཡང་སྐྲག་སྣང་གི་མུན་པ་དེ་ཡོད་མ་མྱོང་བར།
བདེ་སྐྱིད་ཀྱི་ཡུལ་ལྗོངས་ཤིག་ཏུ།
རྣ་བར་གཟན་པའི་གཏམ་ངན་ལ་ཡོལ་བཞིན་ཚོར་བ་གསར་བ་ཞིག་གིས་འཛུམ་མདངས་དེར་གྱེར།

ཁེ་འབྱོར་ལ་དགའ་བའི་སྐྱེས་བུ་ཞིག་གི་བྲང་གཞུང་ན།
བློ་ལ་མི་ཤོང་བའི་འདོད་སེམས་ཀྱི་མདའ་མོ།
དུས་ཀུན་ཕྱི་རོལ་གྱི་འཇིག་རྟེན་དེར་འཕེན་དུས།
མིག་ཟུང་རྡེབ་དབང་གི་བར་ལོག་ཏུའང་འབྲལ་མི་འདོད་པའི་བརྩེ་དུང་གི་ཟློས་གར།
ཁེ་སྤོགས་དེའི་ཆེད་དུ་དུས་གཅིག་ལ་འགྱུར་སོང་བས།
གོ་རིམ་ཅི་ཡང་མེད་པའི་བརྩེ་དུང་གི་གཏམ་རྒྱུད་དེ།
རྨས་སྐྱོན་ཕོག་པའི་སེམས་ནང་དུ་ཡང་ཡང་དྲན་ལ།
གཏན་ཚིགས་མེད་པའི་མི་ལོ་ཁྲོད་དུ་དྲན་གདུང་གི་ལོ་ཟླ་རེ་རེ་བཞུད་སོང་།

ཆོས་ཉིད་དང་ལས་དབང་ལ་བཅོལ་བཞིན་ལག་པ་ལྷོད་དགོས་བའི་ཉིན་མོར།
མི་ལོ་ཉི་ཤུ་ལྷག་གི་རུས་ཟུངས་མཁྲེགས་པོ།
སྙིང་རྗེ་དབེན་པའི་རྔོན་པ་དེས་དུམ་བུ་བགོ་དུས།
ཁྱོད་ཀྱིས་སེམས་སྐྱོ་བའི་མིག་ཟུང་ཀྱང་བཙུམ་མ་མྱོང་།
མ་རིག་པའི་བར་རྡོའི་རྣམ་ཤེས་དེ་དག་གིས།
འཁོར་བའི་ལམ་མདོ་ན་ཁེར་ལབ་རྒྱག་བཞིན།
རང་ཉིད་དྲང་བདེན་ཡིན་ཚུལ་གྱི་ལག་པ་བསྐྱངས།
ཁོ་ཚོ་ནི་ཕྲེང་བ་གཅིག་ལ་བརྒྱུས་པའི་བྱུ་རུ་དང་འདྲ་བར།
ཁྱོད་ཁོ་ནའི་ཕྱོགས་སུ་འགྲེང་།

དུས་དེ་ནས་བཟུང་།     ངས་སྙན་ངག་ལ་མིག་ཆུ་ཕོད་བཞིན།
སྙན་ངག་ལ་གྲོགས་བསྒྲིགས་ཏེ་སྙན་ངག་གྱེར་བ་མ་ཚད།
སྙན་ངག་ལ་རོལ་ཏེ་སྡུག་བསྔལ་གྱི་ཐ་སྙད་ཡོད་ཚད།
ཐ་ན་སྙིང་ཁོངས་དུ་ཟུག་པའི་ན་ཟུག་གི་མདའ་མོ་རེ་རེ་སྙན་ངག་གིས་སེལ་བཞིན་མི་ཚེ་འགྲིམས་ཀྱིན།
སེམས་ངོས་སུ་བདེ་སྐྱིད་དང་དགོད་སྒྲ་བཙལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གིས་སེལ་བའི་འཇིགས་སྣང་གི་འཚོ་བ།

2012-05-12 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།