ང་ནི་ཁྱོད་ཀྱི་རྔོན་པ་ཡིན།
བདག་གིས་དུས་དེ་ནས་བཟུང
ཁྱེད་རྔོན་འགོ་བརྩམས
མིག་ཟུང་འདི་རིག་རིག་བྱེད་ཀྱིན
ཁྱེད་ཀྱི་སྐྲ་ལོ་དང་ སྐྱེ་གཟུགས་འཚོས
སེམས་པ་འདི་སྐྲག་འདར་རྒྱག་གིན
ཁྱེད་ཀྱི་སེམས་པ་བརྔོན
ལྷིང་འཇགས་ཀྱི་མཚན་གུང་ལ་འང
ངས་རང་གི་ཚོར་བས
ཡང་བསྐྱར་ཁྱེད་བརྔོན་དུ་བཅུག
ཁྱེད་ནི་རླུང་བུ་ཞིག་ཡིན་པའི་དབང་དུ་བཏང་ན
ང་ནི་ཁྱེད་ཀྱིས་གང་སར་བསྐྱོད་ཆོག་པའི
སྡོང་ལོ་དེ་ཡིན་འདོད
ཡང་་་་་་
ཁྱེད་ནི་ས་ཆུ་མེ་རླུང་བཞི་ཡིན་པའི་དབང་དུ་བཏང་ན
ང་ནི་ཁྱེད་ཀྱི་སྦྱོར་བ་བཞིས་ཐལ་རྡུལ་དུ་བཏང་ཆོག་པའི
འཇིག་རྟེན་དེ་ཡིན་འདོད
རྨི་ལམ་ལྟ་བུའི་འདི་དག རྟོག་བཟོ་བྱས་པ་ལྟ་བུའི་འདི་དག
ཡོད་ཚད་སྟོང་བསམ་གྱི་སྟོང་བསམ་ཡིན་པས་ན
ང་ད་དུང་ཁྱེད་ཀྱི་རྔོན་པ་ཡིན་་་ ཁྱེད་ཀྱི་རྔོན་པ་ཡིན་་་་་་་་་་
༢༠༡༢.༠༣.༢༠མཚན་ལ།
རྩོམ་ཁུངས། ངེད་དྲ་བ།