སྙིང་ཉེ་བའི་ཁྱི་ཚོགས།
སྙིང་ཉེ་བའི་ལེའུ།(3)
ཟུག་སྐད་ལ་ཉན་ཞོར་གཉིད་སོང
སྔུར་བ་ལ་ཉན་ཞོར་ཟུག་བྱུང
ཟུག་སྐད་དེའི་རྐྱེན་པས
རྨི་ལམ་ཟུར་གསུམ་དེ
གྲུ་བཞི་རུ་རྨིས་ཆོག་ལ
སླར་ཡང་ཟླུམ་པོ་རུ་རྨིས་ཀྱང་ཆོག
རྩྭ་ཕྲན་དང་ཆུ་བོ མི་དང་ནོར་ལུག
སུས་ཀྱང་ཟུག་སྐད་འབྱིན་ཀྱིན་འདུག
ཁྱི་ལྟ་བུའི་ཟུག་སྐད་སུས་ཀྱང་འབྱིན་ཀྱིན་མི་འདུག
ཡོད་ཚད་ཁྱི་རུ་གྱུར་ན་འགྲིག
རང་ཉིད་ཁྱི་རུ་མ་འགྱུར་ན་འགྲིག
2012-3-25
རྩོམ་ཁུངས། ངེད་དྲ་བ།