བུད་མེད་ལ་ཞེད་སྟངས་གཞན་ཞིག


ང་ཡི་ཁ་ལྕེ་འདི་ཆང་རག་གིས་སྦང་ཤིང་མཉེན་པའི་ཆུ་ཚོད་ཅིག་ལ།
བུ་མོ་ཁྱོད་འབྲོག་པའི་ལུག་རྫི་དག་གི་དཀར་ཡོལ་དུ་འཁོར་བའི་རྩམ་རྡོག་ཅིག་གི་ཚུལ་གྱིས།
གཏམ་སྙན་དང་འུར་ཤོབ་གྱིས་བརྫིས་ཤིང་རིལ་བུར་བཟོས་ན་འཐུས་མོད་ཀྱང་།
མི་སེམས་སུ་བཞུར་བའི་དུང་བ་གསོན་པོ་ལྟ་བུ་ཞིག་གིས།
སེམས་པ་དང་སེམས་པ་མཉམ་དུ་སྦྲེལ་མི་ཡོང་ངམ་སྙམ་ན།
ང་། བུ་མོ་ཚོར་ངོ་མ་སྐྲག་གི
 
ང་ཡི་ཆགས་སེམས་ཀྱི་སྐེ་སྐྲངས་ཤིང་མགོ་བོ་ཆེ་འབུར་ནས་ཡོད་པའི་དུས་ཤིག་ལ།
བུ་མོ་ཁྱོད་འབའ་ལུ་གུ་རི་མགོའི་སྤྱང་ལྟོག་དེའི་སྡེར་བར་དུ་ལྷུང་བའི་ཚུལ་གྱིས།
རྐང་མཐིལ་ནས་སྤྱི་གཙུག་བར་དུ་སོ་ཡིས་བཏབ་ཅིང་ལྕེ་ཡིས་སྦྲིད་པར་བཏང་ན་ཆོག་མོད་ཀྱང་།
མོ་མཚན་ལས་བབ་པ་ལྟ་བུའི་གཤེར་ཁུ་ལྗན་ལྗིན་ཞིག་གིས།
ངེད་གཉིས་ལྷན་དུ་སྦྱར་མི་ཡོང་ངམ་བསམ་ན།
ང་། ཨ་ཅག་ཚོར་ངོ་མ་སྐྲག་གི
 
 
ང་ཡི་མཇེ་རྒོད་འདིའི་དཔའ་རྩལ་རྒྱུས་ཤིང་རྩ་ཆེན་འབུར་ནས་ཡོད་པའི་དུས་ཤིག་ལ།

བུ་མོ་ཁྱོད་གནའ་བོའི་བོད་པ་དག་གི་གྲི་ཁར་རང་གི་ལག་དམར་ལྷུང་བའི་སྲོལ་གྱིས།
གཏིང་དུ་བརྡབ་ཅིང་ཕྱིར་ལ་འཐེན་ཏེ་ལན་འགར་གཅུས་ཤིང་ཡང་ཡང་སྐོར་ན་འགྲིག་མོད་ཀྱང་།
རླུག་རྩིད་ཀྱིས་བཟོས་པ་ལྟ་བུའི་སྲ་མཁྲེག་གི་སྣ་ཐག་རིང་མོ་ཞིག
ང་ཡི་མཇུག་མར་འབྱར་མི་ཡོང་ངམ་སྙམ་ན།
ང་། མཛེས་མ་ཚོར་ངོ་མ་སྐྲག་གི
         22/04/2012
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་ལ་ཞེད་སྟངས་གཞན་ཞིག

2012-04-29 སྐྲན། ཀློག་གྲངས། མཆན ཡོད།


ང་ཡི་ཁ་ལྕེ་འདི་ཆང་རག་གིས་སྦང་ཤིང་མཉེན་པའི་ཆུ་ཚོད་ཅིག་ལ།
བུ་མོ་ཁྱོད་འབྲོག་པའི་ལུག་རྫི་དག་གི་དཀར་ཡོལ་དུ་འཁོར་བའི་རྩམ་རྡོག་ཅིག་གི་ཚུལ་གྱིས།
གཏམ་སྙན་དང་འུར་ཤོབ་གྱིས་བརྫིས་ཤིང་རིལ་བུར་བཟོས་ན་འཐུས་མོད་ཀྱང་།
མི་སེམས་སུ་བཞུར་བའི་དུང་བ་གསོན་པོ་ལྟ་བུ་ཞིག་གིས།
སེམས་པ་དང་སེམས་པ་མཉམ་དུ་སྦྲེལ་མི་ཡོང་ངམ་སྙམ་ན།
ང་། བུ་མོ་ཚོར་ངོ་མ་སྐྲག་གི
 
ང་ཡི་ཆགས་སེམས་ཀྱི་སྐེ་སྐྲངས་ཤིང་མགོ་བོ་ཆེ་འབུར་ནས་ཡོད་པའི་དུས་ཤིག་ལ།
བུ་མོ་ཁྱོད་འབའ་ལུ་གུ་རི་མགོའི་སྤྱང་ལྟོག་དེའི་སྡེར་བར་དུ་ལྷུང་བའི་ཚུལ་གྱིས།
རྐང་མཐིལ་ནས་སྤྱི་གཙུག་བར་དུ་སོ་ཡིས་བཏབ་ཅིང་ལྕེ་ཡིས་སྦྲིད་པར་བཏང་ན་ཆོག་མོད་ཀྱང་།
མོ་མཚན་ལས་བབ་པ་ལྟ་བུའི་གཤེར་ཁུ་ལྗན་ལྗིན་ཞིག་གིས།
ངེད་གཉིས་ལྷན་དུ་སྦྱར་མི་ཡོང་ངམ་བསམ་ན།
ང་། ཨ་ཅག་ཚོར་ངོ་མ་སྐྲག་གི
 
 
ང་ཡི་མཇེ་རྒོད་འདིའི་དཔའ་རྩལ་རྒྱུས་ཤིང་རྩ་ཆེན་འབུར་ནས་ཡོད་པའི་དུས་ཤིག་ལ།

བུ་མོ་ཁྱོད་གནའ་བོའི་བོད་པ་དག་གི་གྲི་ཁར་རང་གི་ལག་དམར་ལྷུང་བའི་སྲོལ་གྱིས།
གཏིང་དུ་བརྡབ་ཅིང་ཕྱིར་ལ་འཐེན་ཏེ་ལན་འགར་གཅུས་ཤིང་ཡང་ཡང་སྐོར་ན་འགྲིག་མོད་ཀྱང་།
རླུག་རྩིད་ཀྱིས་བཟོས་པ་ལྟ་བུའི་སྲ་མཁྲེག་གི་སྣ་ཐག་རིང་མོ་ཞིག
ང་ཡི་མཇུག་མར་འབྱར་མི་ཡོང་ངམ་སྙམ་ན།
ང་། མཛེས་མ་ཚོར་ངོ་མ་སྐྲག་གི
         22/04/2012
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།