ཕྱི་འདར། ནང་འདར།
སེམས་པ་དང་ཁ་དོག
ཉིན་དང་མཚན་དུ
རང་ཉིད་ལ་བོས
ཁྱོད་ལ་བོས
ཕྱི་ན་འདར་གྱིན་འདུག་
ངའི་ཁ་བ་དང་རྒྱ་མཚོ
ཁྱོད་ཀྱི་ཁྲག་དང་མིག་ཆུ
ཉིན་མཚན་དུ་འདར
རླུང་རྟའི་དབང་གིས
སུ་ཞིག་གི་བྲང་ཁོག་གཏོར
སུ་ཞིག་གིས་ཨ་མ་འཛར
སྙན་ངག་འདི་ནི་ཧིན་རྡུ་ཉི་ཞི་ཡཱིའི་སུའུ་མིན་ཐཱ་ལཱའི་ཉེ་འདབས་ཀྱི་མཚོ་ངོགས་སུ་ཚེའི་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཚད་རིམ་བརྒྱད་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་བར་མྱ་ངན་ཞུ།
༢༠༡༢ ༤ ༡༢
རྩོམ་ཁུངས། ངེད་དྲ་བ།