དུས་ཆད།
དུས་ཆད་ཅིག་གི་སླད་དུ་དུས་ཆད་ལ་སྒུག
ས་གནས་དེར་ཐོན་དུས །
རླུང་བུ་ཤིག་ཤིག་གིས་ལྡང་ །
རོལ་དབྱངས་དང་དུང་བརྡ་བྲལ །
མི་ཚོགས་ཀྱི་འདུ་འགོད་བྱ་སྤུ་བཞིན་ཐོར །
སུ་དང་གང་ཡང་མི་འདུག་པའི་མཚན་གཞུང་དེར །
མཚན་གཞུང་གི་བྲང་ཁོག་ན་འདུར་བའི་ང་རང་ །
མེ་ཡི་དྲོད་དང་འོད་སྣང་འཚོལ་བའི་ཕྱེ་ལེབ་མ་ཅིག
དུས་ཚོད་ཀྱི་སྔ་རོལ་དུ་ལངས་ཏེ་དུས་ཆད་ལ་སྒུག
རྩོམ་ཁུངས། ངེད་དྲ་བ།