བུ་ཆུང་གིས་ང་ལ་གཏམ་རྒྱུད་བཤད།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-27

 

ས་རུབ་ཁར་ང་རང་གཉིད་དུ་ཡུར
བུ་ཆུང་གིས་ང་ལ་གཏམ་རྒྱུད་བཤད་དེ་གཉིད་དུ་ཡུར་བར་བྱས
རྨི་ལམ་ནང་དུ་ང་རང་ནུབ་ལ་བཞུད་ཀྱིན་པའི་ཉི་མའི་ཕྱོགས་སུ་འགྲོ་ནའང
བུ་ཆུང་གིས་ང་རང་ཡང་ཡང་ཤར་ཕྱོགས་སུ་ཁྲིད་དེ་
སང་ཉིན་གྱི་མཚར་སྡུག་གི་གཏམ་རྒྱུད་བཤད
 
སྟོན་ནམ་རིང་མོའི་ཟླ་འོད་གསལ་ཞིང་འཚེར
ངའི་བུ་ཆུང་གི་ལག་པ་གཉིས་པོ་དཀར་ཞིང་འཇམ
 
ཤར་རིའི་ཕྲག་པའི་ཉི་ཟེར་གྱི་རྩེ་ནས
བུ་ཆུང་གི་ལག་པས་ང་རང་ཡར་ལ་བཀྱགས
ངས་ཁོ་རང་འཛོང་ཁུག་ནས་ཡར་ལ་བཀྱགས་པ་བཞིན
ཉི་འོད་ལམ་ལམ་འཕྲོ་བའི་གནས་དེ་ནས
ངས་བུ་ཆུང་གི་ལུས་པོའི་གང་སར་རྫོགས་མཐའ་མེད་པའི་འོ་བྱས་མྱོང
དེ་ནི་བདེ་སྐྱིད་ལྡན་པའི་དུས་ཤིག་ཡིན
 
རྨི་ལམ་ནང་དུ་ང་རང་འཆི་བ་དང་ཉེ་རུ་ཉེ་རུ་བཅར་ནའང
འདྲིས་ཤིང་སྙན་པའི་བུ་ཆུང་གི་གཏམ་རྒྱུད་བཤད་པའི་སྐད་སྒྲ་ཡིས་
ང་རང་སླར་ཡང་འཆི་བ་དང་བར་ཐག་རིང་དུ་རིང་དུ་གཏོང་ཞིང་
ཁོའི་ལག་པས་ང་རང་གློད་པར་མི་བྱ
སྟོན་ནམ་རིང་མོའི་ཟླ་འོད་གསལ་ཞིང་འཚེར
ངའི་བུ་ཆུང་གི་ལག་པ་གཉིས་པོ་དཀར་ཞིང་འཇམ
 
གཉིད་ལས་སད་རྗེས
བུ་ཆུང་གིས་  ཨ་ཕ
སང་ཉིན་ནས་ཁྱོད་ཀྱིས་མི་རེ་ལ་འཛུམ་རེ་སྟོན་དགོས་ཟེར
 ༢༠༡༢ .༠༢ .༠༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་ཆུང་གིས་ང་ལ་གཏམ་རྒྱུད་བཤད།

2012-04-27 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

 

ས་རུབ་ཁར་ང་རང་གཉིད་དུ་ཡུར
བུ་ཆུང་གིས་ང་ལ་གཏམ་རྒྱུད་བཤད་དེ་གཉིད་དུ་ཡུར་བར་བྱས
རྨི་ལམ་ནང་དུ་ང་རང་ནུབ་ལ་བཞུད་ཀྱིན་པའི་ཉི་མའི་ཕྱོགས་སུ་འགྲོ་ནའང
བུ་ཆུང་གིས་ང་རང་ཡང་ཡང་ཤར་ཕྱོགས་སུ་ཁྲིད་དེ་
སང་ཉིན་གྱི་མཚར་སྡུག་གི་གཏམ་རྒྱུད་བཤད
 
སྟོན་ནམ་རིང་མོའི་ཟླ་འོད་གསལ་ཞིང་འཚེར
ངའི་བུ་ཆུང་གི་ལག་པ་གཉིས་པོ་དཀར་ཞིང་འཇམ
 
ཤར་རིའི་ཕྲག་པའི་ཉི་ཟེར་གྱི་རྩེ་ནས
བུ་ཆུང་གི་ལག་པས་ང་རང་ཡར་ལ་བཀྱགས
ངས་ཁོ་རང་འཛོང་ཁུག་ནས་ཡར་ལ་བཀྱགས་པ་བཞིན
ཉི་འོད་ལམ་ལམ་འཕྲོ་བའི་གནས་དེ་ནས
ངས་བུ་ཆུང་གི་ལུས་པོའི་གང་སར་རྫོགས་མཐའ་མེད་པའི་འོ་བྱས་མྱོང
དེ་ནི་བདེ་སྐྱིད་ལྡན་པའི་དུས་ཤིག་ཡིན
 
རྨི་ལམ་ནང་དུ་ང་རང་འཆི་བ་དང་ཉེ་རུ་ཉེ་རུ་བཅར་ནའང
འདྲིས་ཤིང་སྙན་པའི་བུ་ཆུང་གི་གཏམ་རྒྱུད་བཤད་པའི་སྐད་སྒྲ་ཡིས་
ང་རང་སླར་ཡང་འཆི་བ་དང་བར་ཐག་རིང་དུ་རིང་དུ་གཏོང་ཞིང་
ཁོའི་ལག་པས་ང་རང་གློད་པར་མི་བྱ
སྟོན་ནམ་རིང་མོའི་ཟླ་འོད་གསལ་ཞིང་འཚེར
ངའི་བུ་ཆུང་གི་ལག་པ་གཉིས་པོ་དཀར་ཞིང་འཇམ
 
གཉིད་ལས་སད་རྗེས
བུ་ཆུང་གིས་  ཨ་ཕ
སང་ཉིན་ནས་ཁྱོད་ཀྱིས་མི་རེ་ལ་འཛུམ་རེ་སྟོན་དགོས་ཟེར
 ༢༠༡༢ .༠༢ .༠༦

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།