སྙིང་ཉེ་ལགས།


ཉི་མའི་འོད་ཟེར
གས་ཆག་ཏུ་གྱུར་དེ་ང་ཡི་གདོང་ལ་བབས
རླུང་གི་ལག་པས
ཁྱོད་ཀྱི་ཚེ་སྲོག་གི་རིན་ཐང་ལ་རམ་འདེགས་བསྩལ
                                                         ཐོག་མའི་ལབ།

 
རི་རབ་དང་གཙང་བོ་སྒུལ་ནུས་པའི་གླུ་སྐད་ཀྱིས
སྲིད་པའི་ལྷིང་འཇགས་ཡོམ་ཡོམ་དུ་བཏང་རྗེས
མཚམས་སྤྲིན་གྱི་མདོག་ལ་ཁུ་བའི་མེ་རླབས་ཁྲོད
རྒྱང་བཞུད་ཀྱི་གཤོག་ཟུང་ཡུན་གྱིས་བརྐྱངས་ཏེ
གནམ་འོག་གི་རྡུལ་འཚུབ་མཐའ་རུ་སྤྲད
 
ས་རྡུལ་གྱིས་གཡོག་པའི་ཁྱོད་ཀྱི་ཕྱག་ཟུང་གིས
གངས་རིའི་མིང་དང་ཡབ་མེས་ཀྱི་མཚན
ཁྲག་གི་མདོག་དང་རུས་པའི་རྐང་སོགས
ཕུག་རོན་གྱི་གཤོག་ངོས་སུ་བཀོད་དེ
བདེན་ལུགས་ཀྱི་སྟངས་སྟབས་གསལ་བར་བྱས
 
མུན་ནག་གི་ཁྲོད་བབས་པའི་རྐང་རྗེས་དེ
གསེར་འོད་ཀྱིས་བཀྲུས་པའི་མེ་ལོང་ཞིག་ཏུ་མཐོང་དུས
སྙིང་ཉེ་ལགས       མེ་མདའ་འཁུར་བའི་རྔོན་པ་གཏུམ་པོ་དེ་ཚོའང
ད་ལྟ་གཞི་ནས་མིག་ཆུ་བརྡོལ་བྱུང
 
ངས་གཟུགས་མེད་ཀྱི་ཁྱོད་ལ་ཕྱག་འཇུ་བྱེད་དུས
འཆི་བའི་རྒྱལ་ཁམས་ཀྱི་ཉི་མའི་འོད་ཟེར
སྲིད་པའི་གངས་རྒན་གྱི་རྩེ་མོར་འཕྲོས་ཏེ
རླུང་ཁྲོད་ཀྱི་དར་ཆ་རྟག་བརྟན་གྱིས་མཁའ་ལ་འཕྱར་བ་མཐོང
 
སྙིང་ཉེ་ལགས     ངའི་སེམས་ཀྱི་སྙིང་ཉེ་ལགས
           ༢༠༡༢.༦.༡༧ལ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཉེ་ལགས།

2012-08-23 ཐོ་རེངས། ཀློག་གྲངས། མཆན ཡོད།


ཉི་མའི་འོད་ཟེར
གས་ཆག་ཏུ་གྱུར་དེ་ང་ཡི་གདོང་ལ་བབས
རླུང་གི་ལག་པས
ཁྱོད་ཀྱི་ཚེ་སྲོག་གི་རིན་ཐང་ལ་རམ་འདེགས་བསྩལ
                                                         ཐོག་མའི་ལབ།

 
རི་རབ་དང་གཙང་བོ་སྒུལ་ནུས་པའི་གླུ་སྐད་ཀྱིས
སྲིད་པའི་ལྷིང་འཇགས་ཡོམ་ཡོམ་དུ་བཏང་རྗེས
མཚམས་སྤྲིན་གྱི་མདོག་ལ་ཁུ་བའི་མེ་རླབས་ཁྲོད
རྒྱང་བཞུད་ཀྱི་གཤོག་ཟུང་ཡུན་གྱིས་བརྐྱངས་ཏེ
གནམ་འོག་གི་རྡུལ་འཚུབ་མཐའ་རུ་སྤྲད
 
ས་རྡུལ་གྱིས་གཡོག་པའི་ཁྱོད་ཀྱི་ཕྱག་ཟུང་གིས
གངས་རིའི་མིང་དང་ཡབ་མེས་ཀྱི་མཚན
ཁྲག་གི་མདོག་དང་རུས་པའི་རྐང་སོགས
ཕུག་རོན་གྱི་གཤོག་ངོས་སུ་བཀོད་དེ
བདེན་ལུགས་ཀྱི་སྟངས་སྟབས་གསལ་བར་བྱས
 
མུན་ནག་གི་ཁྲོད་བབས་པའི་རྐང་རྗེས་དེ
གསེར་འོད་ཀྱིས་བཀྲུས་པའི་མེ་ལོང་ཞིག་ཏུ་མཐོང་དུས
སྙིང་ཉེ་ལགས       མེ་མདའ་འཁུར་བའི་རྔོན་པ་གཏུམ་པོ་དེ་ཚོའང
ད་ལྟ་གཞི་ནས་མིག་ཆུ་བརྡོལ་བྱུང
 
ངས་གཟུགས་མེད་ཀྱི་ཁྱོད་ལ་ཕྱག་འཇུ་བྱེད་དུས
འཆི་བའི་རྒྱལ་ཁམས་ཀྱི་ཉི་མའི་འོད་ཟེར
སྲིད་པའི་གངས་རྒན་གྱི་རྩེ་མོར་འཕྲོས་ཏེ
རླུང་ཁྲོད་ཀྱི་དར་ཆ་རྟག་བརྟན་གྱིས་མཁའ་ལ་འཕྱར་བ་མཐོང
 
སྙིང་ཉེ་ལགས     ངའི་སེམས་ཀྱི་སྙིང་ཉེ་ལགས
           ༢༠༡༢.༦.༡༧ལ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།