བླ་བྲང་འབྲི་སྲོལ་གཞན་ཞིག


སྐོར་ལམ་གྱི་དད་པ་ཅན་པོ
ཕྱི་མི་ཟེར་བའི་མི་བུ་འགའི་པར་ཆས་མདུན་ན
གཞན་གྱི་བརྩམས་ཆོས་གཞན་ཞིག་ལ་འགྱུར་བས
འཁོར་ལོ་རྙིང་དྲགས་པ་དེ་དག་གི་བྱིན་རླབས
བླ་བྲང་ན་ཡོད་དམ་སྙམ་ཡོང
 
རིམ་བཞིན་སེམས་ལྟ་བུ་དང་སྙིང་འདྲ་བ
སྲོག་བཞིན་གྱི་བླ་བྲང་གི་འཚོ་བ
ཐ་སྙད་ཀྱི་ཁུག་གི་མཛེས་ཆོས་ལ་འཇོག་དུས
བསང་ཆུའི་རླབས་སྒྲ
ངའི་སྙན་ངག་ལྟར་བླ་བྲང་ནས་བཞུར་སོང
 
གནམ་མཁའ་འདི་བླ་བྲང་གི་ཡིན་ན
སྤྲིན་བཞིན་ལྡིང་ཡོང་བའི་ཡི་གེ་ནི
བདག་གིས་བླ་བྲང་ལ་གླན་ངའི་སེམས་པ་ཡིན
བདག་གིས་བླ་བྲང་ལ་བཅངས་པའི་བརྩེ་དུང་ཡིན
གལ་ཏེ   བླ་བྲང་མུ་མཐུད་དུ་བླ་བྲང་ཡིན་ན
འདི་ནི་ངས་བྲིས་པའི་བླ་བྲང་གཞན་པ་དེའོ
 
ཉི་མ་རེ་རེ་བཞིན་འདས་པའི་བླ་བྲང་ན
ང་ནི་བླ་བྲང་གི་འཁྱམས་པོ་ཞིག་ཡིན་ཤས་ཆེ
ང་ནི་བླ་བྲང་གི་མི་རྐྱང་ཞིག་ཡིན་ཤས་ཆེ
དེ་བས   བླ་བྲང་ན་མོ་རྐྱང་ཡོད་ན
ངས་ཀྱང་ཤེད་ཡོད་དགུ་བསྟོན་ནས་འདོད་པ་ཐེངས་གཅིག་སྐོང་ན་ཆོག་གི
 
བསང་ཆུ་ལ་ཟམ་མང་པོ་འདུག
དེ་ལས་ཀྱང་ང་རང་ཤིང་ཟམ་དེ་ལ་དགའ་བོ་འདུག
ཡིན་ཡང་བླ་བྲང་ནས་འདོད་ཆགས་གླེང་ན་མི་རུང་ཟེར
དེ་ནི་བླ་མ་འཇལ་ས་དང་ཆོས་ལུགས་སྐྱོང་ས་ཡིན་ཟེར
ཡིན་ཡང   བདེན་དབང་ཞིག་རྙེད་པ་ནི
ཞོར་དུ་རོགས་ལོ་རེའང་བཙལ་ས་ཡིན་འདུག་གི
 
འདི་ནི་གོམ་པ་བཅུ་ཙམ་སོང་བའི་ཐོབ་བྱ་རེད
དེ་ནས་མུ་མཐུད་དུ་ཕར་སོང་ན་ཅི་ཞིག་འདུག
སྤྲང་པོ་ཞིག་གི་སྨྲེ་ངག་གམ   རྒྱ་མོ་ཞིག་གི་ཕྲེང་བ
ཕྱི་རྒྱལ་ཞིག་གི་པར་ཆས  འདི་དག་ཡིན་ན
དེ་ལས་གོམ་གང་ཕར་སོང་ན
ཕལ་ཆེར་ངའི་སྙན་ངག་འདི་ཡིན་རྒྱུ་རེད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་བྲང་འབྲི་སྲོལ་གཞན་ཞིག

2012-08-19 རྡོ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།


སྐོར་ལམ་གྱི་དད་པ་ཅན་པོ
ཕྱི་མི་ཟེར་བའི་མི་བུ་འགའི་པར་ཆས་མདུན་ན
གཞན་གྱི་བརྩམས་ཆོས་གཞན་ཞིག་ལ་འགྱུར་བས
འཁོར་ལོ་རྙིང་དྲགས་པ་དེ་དག་གི་བྱིན་རླབས
བླ་བྲང་ན་ཡོད་དམ་སྙམ་ཡོང
 
རིམ་བཞིན་སེམས་ལྟ་བུ་དང་སྙིང་འདྲ་བ
སྲོག་བཞིན་གྱི་བླ་བྲང་གི་འཚོ་བ
ཐ་སྙད་ཀྱི་ཁུག་གི་མཛེས་ཆོས་ལ་འཇོག་དུས
བསང་ཆུའི་རླབས་སྒྲ
ངའི་སྙན་ངག་ལྟར་བླ་བྲང་ནས་བཞུར་སོང
 
གནམ་མཁའ་འདི་བླ་བྲང་གི་ཡིན་ན
སྤྲིན་བཞིན་ལྡིང་ཡོང་བའི་ཡི་གེ་ནི
བདག་གིས་བླ་བྲང་ལ་གླན་ངའི་སེམས་པ་ཡིན
བདག་གིས་བླ་བྲང་ལ་བཅངས་པའི་བརྩེ་དུང་ཡིན
གལ་ཏེ   བླ་བྲང་མུ་མཐུད་དུ་བླ་བྲང་ཡིན་ན
འདི་ནི་ངས་བྲིས་པའི་བླ་བྲང་གཞན་པ་དེའོ
 
ཉི་མ་རེ་རེ་བཞིན་འདས་པའི་བླ་བྲང་ན
ང་ནི་བླ་བྲང་གི་འཁྱམས་པོ་ཞིག་ཡིན་ཤས་ཆེ
ང་ནི་བླ་བྲང་གི་མི་རྐྱང་ཞིག་ཡིན་ཤས་ཆེ
དེ་བས   བླ་བྲང་ན་མོ་རྐྱང་ཡོད་ན
ངས་ཀྱང་ཤེད་ཡོད་དགུ་བསྟོན་ནས་འདོད་པ་ཐེངས་གཅིག་སྐོང་ན་ཆོག་གི
 
བསང་ཆུ་ལ་ཟམ་མང་པོ་འདུག
དེ་ལས་ཀྱང་ང་རང་ཤིང་ཟམ་དེ་ལ་དགའ་བོ་འདུག
ཡིན་ཡང་བླ་བྲང་ནས་འདོད་ཆགས་གླེང་ན་མི་རུང་ཟེར
དེ་ནི་བླ་མ་འཇལ་ས་དང་ཆོས་ལུགས་སྐྱོང་ས་ཡིན་ཟེར
ཡིན་ཡང   བདེན་དབང་ཞིག་རྙེད་པ་ནི
ཞོར་དུ་རོགས་ལོ་རེའང་བཙལ་ས་ཡིན་འདུག་གི
 
འདི་ནི་གོམ་པ་བཅུ་ཙམ་སོང་བའི་ཐོབ་བྱ་རེད
དེ་ནས་མུ་མཐུད་དུ་ཕར་སོང་ན་ཅི་ཞིག་འདུག
སྤྲང་པོ་ཞིག་གི་སྨྲེ་ངག་གམ   རྒྱ་མོ་ཞིག་གི་ཕྲེང་བ
ཕྱི་རྒྱལ་ཞིག་གི་པར་ཆས  འདི་དག་ཡིན་ན
དེ་ལས་གོམ་གང་ཕར་སོང་ན
ཕལ་ཆེར་ངའི་སྙན་ངག་འདི་ཡིན་རྒྱུ་རེད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།