ང་སད་བྱུང་།
ང་སད་བྱུང
གྲང་ཤུར་ཤུར སྟོང་སངས་སངས
ང་སད་བྱུང
རབ་མེད་པའི་སེམས་གཅོང་གི་གཙང་བོ
སྲོག་རྩའི་སྦུག་ནས་འཛར་དུས
ང་ངུ་མ་ཕོད
གནས་ལུགས་ཤིག་གི་ལམ་ཁའི་ལག་ཡོང
ངས་ཁྱེད་ལ་གཏད་པའི་ཨང་གསར་ཡིན
སེམས་ཀྱི་དུར་ཐང་ན་སྦས་བའི་རུས་རྐང་དུ
བརྩེ་གདུང་འཇགས་ཤིང
ཡ་ཐོད་ཀྱི་འཛུམ་རིས་དེའང་རྨང་ནས་ཡལ
དེ་ལྟར་ང རྒྱང་གི་རི་གྲོང་འདིའི་གཡོ་རུ་ཚུད་ཅིང
ལོ་ཟླས་རྡོག་སྣེ་རུ་དེད་པའི ཡུལ་ལུང་ཞིག་འཚོལ་བའི་གབ་ཚིག་དེ
གསལ་དྭངས་ངེར རང་སེམས་ན་འོད་དུ་འཚེར
12/8/2012 བཞུད་ལམ་གྱི་ཇ་ཁང་ཞིག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།