སྨྱོན་པས་སྨྱོན་མར་ཕུལ་བ།

སྤྱང་དམར།༼རྩེ་ཁོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-16

ཁྱེད་ཀྱི་ཞབས་ཆུང་བཀོད་པའི་གནས་ལ་ང་ཡི་རྐང་པ་སྤོ་བཞིན་དུ།།
འཇིག་རྟེན་སྒྱུ་མའི་གྲོང་ལ་མ་བལྟས་ངག་གི་གླུ་ཆུང་ཁྱེད་ལ་གྱེར།།
ལས་ཀྱི་འགྱུར་བ་ཐེབས་ཀྱང་མི་འགྱུར་སྙིང་གི་དམ་བཅའ་རྡོ་ལ་བརྐོས།།
སྨྱོན་པའི་བློ་སེམས་སྨྱོན་མས་བཀུགས་སོང་ང་ཡི་གམ་གྱི་མི་རྣམས་ཀྱེ།།
 
ཡ་ཆུང་སྙིང་གི་འཕར་ལྡིང་བར་ནས་ཁྱེད་ནི་བརྗེད་དུ་ག་ལ་འཇུག།
འདས་པའི་ཕྱིར་དྲན་ལམ་དུ་ཞུགས་ན་དགའ་སྐྱོ་འདྲེས་མའི་འཚོ་བ་ཡོད།།
སེམས་གཏམ་མངར་མོའི་རོ་བཅུད་ཟེར་བ་ཁེར་རྐྱང་སྣང་བ་གསོ་བའི་སྨན།།
སྨྱོན་པ་ཞིག་གི་ཡིད་ཀྱི་ཟབ་སར་འོ་ཞགས་བཞིན་དུ་འཁྱིལ་ནས་ཡོད།།
 
རི་དྭགས་མིག་གི་བརྩེ་བའི་ཟུར་ཁས་མཐོང་བའི་སྐལ་བ་མ་ལྡན་ཡང་།།
སེམས་ཀྱི་དུངས་པའི་བརླན་ས་དེ་རུ་བཏབ་པའི་བརྩེ་བ་སྲབ་མོ་མིན།།
སྙིང་གི་བྱམས་པ་ཁྱེད་རང་མིན་ན་ལས་མཐུན་ད་རུང་མ་སྐྱེ་བས།།
སྨྱོན་པའི་མི་ཚེ་ཁེར་རྐྱང་ངང་དུ་རྫོགས་ཀྱང་འགྱོད་པའི་སྣང་བ་མེད།།
 
འཇིག་རྟེན་མོ་བས་གྲངས་ལ་འཇལ་ནས་སེམས་ཀྱི་རྨོངས་པ་སེལ་བ་མིན།།
ལམ་ལ་ཆ་རྒྱུས་ཡོད་ས་ཞིག་ནས་ཁྱེད་རང་འཚོལ་དུ་འོངས་པ་མིན།།
མི་ཚོགས་འགུལ་བའི་བར་དཀྱིལ་ཞིག་ནས་མིག་ལ་ཐོག་པ་དེ་བས་མིན།།
སྨྱོན་པར་ལས་དང་དབང་གིས་གནང་བའི་སེམས་ཀྱི་ཐོབ་སྐལ་ཡིན་པ་འདྲ།།
 
ཀ་ཁ་ག་ང་ངག་ལ་གྱེར་བའི་ང་རྒྱལ་མགོ་འཕངས་ཁྱེད་ལ་མེད།།
སྐད་རིགས་བསྲེས་མའི་ཕུང་གསུམ་བྱས་པའི་གཏམ་རྒྱུད་ནག་པོ་ཁྱེད་ལ་མེད།།
བསླུ་བྲིད་ཚིག་གིས་མི་སེམས་བསྐོར་བའི་གཡོ་སྒྱུའི་ཧམ་པ་ཁྱེད་ལ་མེད།།
སྨྱོན་པ་དུངས་པའི་དབང་དུ་ཤོར་ནས་བཅོས་མའི་བསྟོད་ར་བྱས་པ་མིན།།
 
སྨུག་སྤྲིན་འཐིབས་པའི་རི་སྒང་ཞིག་ཏུ་རི་གཞས་སྙན་མོ་ངག་ལ་གྱེར།།
ཤང་ཤང་བཞུར་བའི་གཙང་འགྲམ་ཀན་ནས་གོས་ཀྱི་རི་མོ་ཆུ་ལ་བཀྲུས།།
ཟང་ཟིང་ལོ་ཟླའི་ནུར་འགྲོས་ཀློང་དུ་གཉུག་གཤིས་དུས་ཀྱིས་མ་བསླད་པར།།
སྨྱོན་པའི་སེམས་སྒོ་དལ་གྱིས་བརྡུང་བའི་ངག་འཇམ་བོད་པའི་བུ་མོ་ཁྱེད།།
 
ཕ་དང་ཨ་མའི་རེ་བའི་འདུན་མ་ལང་ཚོའི་སྲོག་ལ་བརྗེས་ནས་ཡོད།།
ད་ནི་སེམས་ཀྱི་སྐྱོ་གཞས་ཟེར་བ་རི་ལ་མི་འཐེན་ཁྱེད་ལ་ལེན།།
དཀའ་དང་ཚེགས་ཀྱི་ལན་པ་ཡོད་ན་སྔོན་བསགས་ལས་ཀྱི་བུ་ལོན་ཡིན།།
སྨྱོན་པའི་མི་ཚེ་མག་མོག་འདི་ཡང་ཀྱག་ཀྱོག་མང་བོའི་ལམ་ཀ་ཞིག།
 
ཁེར་རྐྱང་འཚོ་བའི་ལམ་དེ་སྐྱུར་ན་ཟང་ཟིང་འཁོར་བའི་གྲོང་ལ་ཐོན།།
བརྩེ་བ་མེད་པའི་རི་ཚོགས་བརྒལ་ན་དུངས་པ་ཡོད་པའི་བྱམས་པར་འཕྲད།།
ཆོས་ཀྱི་མགུར་དབྱངས་གཞས་ལ་དྲངས་ན་མྱི་ནག་ཞིག་གི་ཆོ་ལོ་སྟེར།།
སྨྱོན་པ་ཡིན་པའི་གསལ་རེ་བཏབ་ན་ཁོ་ཚོའི་ཡང་བསྐྱར་ཅི་ཞིག་ལབ།།
 
ཁ་ཆར་རྒོད་པའི་དགུན་ཟླ་རེ་ལ་སེམས་ཀྱི་དྲན་པ་ལྷག་ཏུ་ལྕི།།
གྲང་རླུང་བུ་ཡུག་འཚུབ་པའི་ཚུལ་ལ་ཉལ་ནས་བསྡད་ཀྱང་ཤ་འདར་རྒྱག།
ཟླ་བ་དྲུག་པའི་དབྱར་གཞུང་ཡིན་ཡང་ཉི་འོད་ཚ་མོས་ཞལ་རས་སྲེག།
སྨྱོན་པ་སྨྱོན་མར་དུངས་པ་ཆེ་བས་སེམས་ཀྱི་བརྩེ་བ་དེ་རུ་གཡོ།།
 
སྨྱོན་པའི་ཕ་ཡུལ་ནོར་ལུག་འཚོ་སའི་འབྲོག་པའི་རུ་སྡེ་ཕྲ་མོ་ཞིག།
སྨྱོན་མའི་ཕ་ཡུལ་ཞིང་ཕྱུག་འཛོམས་པའི་རོང་མ་འབྲོག་གི་རུ་སྡེ་ཞིག།
འཚོ་བའི་སྲོལ་ལ་བར་ཁྱད་མེད་པའི་དྲན་པའི་རི་མོ་གཅིག་ཏུ་བབ།།
སྨྱོན་པའི་མི་ཚེ་འདི་ལྟར་རྫོགས་ན་ཡིད་ཀྱི་རེ་བ་འགྲུབ་པ་ཡིན།།
 
འཁོར་བའི་ཚུལ་ལ་སྐྱོ་བའི་ངེས་འབྱུང་རི་ལ་སོང་ན་ཨེ་ཡོད་དམ།།
བྱམས་པར་དུངས་པའི་སེམས་ཀྱི་དྲན་ཚུལ་རི་ནས་བསྡད་ན་ཨེ་འགྱུར་རམ།།
སྒྱུ་མའི་འཁོར་གྱི་མཛེས་པ་མཐོང་ན་སུ་ཞིག་ད་རུང་རི་ལ་འབྲོ།།
སྨྱོན་པའི་གང་དྲན་སྲོང་བོར་བརྗོད་ན་ངོ་ཚའི་གཏམ་ཞིག་ཨེ་ཡིན་ནམ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱོན་པས་སྨྱོན་མར་ཕུལ་བ།

2012-08-16 སྤྱང་དམར།༼རྩེ་ཁོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།