ཇོ་མོ་གླང་མ།
རི་བོ་ཇོ་མོ་གླང་མ
གངས་ཀྱི་རྒྱན་པས་ཡིན་ནམ
གྲང་ངར་ཆེ་ཤོས་སུ་གནས་པས་ཡིན
ཡང་ན་ཆེ་མཐོ་བའི་རི་བོ་དེ་ཡིན་པས
ང་རང་ ཁྱེད་ཀྱི་སར་བགྲོད་འདོད་ཀྱང
ངའི་རྐང་བ་ལྕགས་ཐག་གི་བཀྱིག་པས
ངའི་མིག་ཐལ་བ་ཡི་བཀང་བས
ངའི་འགྲོ་ལམ་གངས་དང
ཆུ་མོ་ཡི་བཟུང་བས
གང་ལྟར་ ང་ཁྱེད་ཀྱི་སར་ནམ་ཡང་སླེབས་ཐབས་གྲལ་སོང
རི་བོ་ཇོ་མོ་གླང་མ
ཅི་ཕྱིར།
གཙང་བོ་འདིའི་ནང་ན་གང་ཡོད
གཙང་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད
གཙང་བོའི་ཕ་རོལ་གྱི་ཕོ་རོལ་ན་ཡང་ཅི་ཡོད
ང་རང་ གཙང་བོའི་ནང་བལྟ་འདོད་ལ
གཙང་བོའི་ཕོ་རོལ་དང་ ཕ་རོལ་དུ་ཡང་བསྐྱོད་འདོད
ཡིན་ཀྱང་ཅི་ཕྱིར ང་གཙང་བོར་བལྟ་མི་ཐུབ་པ་ཡིན
ཕར་ངོགས་སུ་བསྐྱོད་མི་ཐུབ་པ་ཡིན
རྩོམ་ཁུངས། ངེད་དྲ་བ།