བདག་གི་ཁུ་ལོ།
བདག་གི་ཁུ་ལོ། ཁ་སང་གི་དབྱར་གཞུང་དེ་ཅི་འདྲའི་སྐྱིད་འང་།
བརྩེ་ཞེན་གྱི་དམར་ཆུང་རེ་རེར།
དུང་ཞེན་གྱི་ཀི་ཀོ་སྙན་མོས།
དགུན་ཟླ་ཧྲིལ་བོ་ཞིག་གི་འཁྱག་རོམ་གཏོར་དུས།
བཟི་དྲགས་པའི་སེམས་པ་འདི་གང་ལ་འཇོག
བདག་གི་ཁུ་ལོ། སེམས་ལྗིད་རབ་རིབ་ཞིག་གི་གོ་རིམ་ཁྲོད།
གྱེས་བྲལ་གྱི་སྡུག་ཡུས་མིག་ཆུར་བསྟིམས་དུས།
ཡུལ་གྱར་བ་ཞིག་གི་ལས་དབང་ཐོལ་གྱིས་བསུས་ཏེ།
ཟླ་ངོགས་སུ་གཙང་ཆབ་བཞུར་བ་དེ།
དོན་དག་ཆུང་ཆུང་ཞིག་མིན་ཡ།
བདག་གི་ཁུ་ལོ། མུན་པའི་རྗེས་སུ་སྣང་བས་དེད་པའི་བདེན་ཚིག་གིས།
སང་ཉིན་ཅིས་ཀྱང་། དྲན་གདུང་གི་རྨ་ཁ་ཟབ་མོ།
ལོ་རྒྱུས་ཀྱི་གཏའ་མར་བཞག་ཏེ།
ཡང་བསྐྱར་བརྩེ་སེམས་མངར་མོ་ཞིག་གི་བཟི་ཁ་ནས།
དར་དཀར་གྱིས་བཏུམས་པའི་སེམས་གཞས་ཕྲ་མོ།
ལྷད་མེད་པའི་འཛུམ་ཀོང་ན་མར་ཁུ་བཞིན་འཁྱིལ་ཡོད།
རྩོམ་ཁུངས། ངེད་དྲ་བ།