འཁྱོལ་དཀའ་བ།
མཚན་མོ་ལ་ལོག་འོང་བའི་རྨི་ལམ
རྨི་ལམ་ནང་གི་མེ་ལོང་ཕྱི་མཁན
ད་དུང་རྐང་བ་བཀྲུ་མཁན
ནེམ་ཁྲིར་བསྡད་དེ་དུ་བ་འཐེན་མཁན
སོ་སོ་ལོག་འོང་བའི་དུས་ཚོད
དུས་ཚོད་ཀྱིས་ཁྲིད་པའི་མུར་ཅོར་རེ་འགའ
གྲྭ་ཤག་གི་ཕྱི་ནང
ཕྱི་ནས་ནང་ལ་བལྟས་ན་རལ་འདུག་པའི་ཉི་འོད
ནང་ནས་ཕྱི་ལ་བལྟས་ན་རལ་འདུག་པའི་ཉི་འོད
སྐྱོ་ཡུས་ཀྱིས་རྡུང་གིན་པའི་མུན་ནག
བརྟེན་འབྲེལ་གྱི་གློ་བ་དཀར་པོ
ཐམས་ཅད་ནང་ལ་སྨིན་འོང་བའི་མིག་འབྲས
རྩོམ་ཁུངས། ངེད་དྲ་བ།