འཁོར་བའི་མི་ཚོགས།
མི་ཞིག་གིས་རལ་གྲི་བཟུང་ནས་ བར་སྣང་འཕྲེད་དུ་གཅོད་རྒྱུ་ཟེར།
མི་ཞིག་གིས་འཁོལ་སྣུམ་བཟུང་ནས་ རུས་སྦལ་གྱི་གྲོད་པར་ལྡུག་གོ་ཟེར།
མི་ཞིག་གིས་ཐལ་བ་སྤར་མོ་གང་བཟུང་ནས་
མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དག་གཙང་གི་མཆོད་པ་འདི་ཤཱཀྱ་ཐུབ་པར་འབུལ་ལོ་ཟེར།
དེ་ལས་ཀྱང་མིག་ཤེལ་གྱོན་པའི་མི་གཞན་ཞིག་གིས་ ང་ལ་ཆམས་ནད་ཕོག་འདུག
གཤགས་བཅོས་བྱས་ན་ན་ཟུག་ཆེའམ་ཟེར།
གློ་བུར་དུ་ བྱིས་པ་ཞིག་གིས་ཁྱེད་ཚོས་འུར་མི་རྒྱག་རོགས
བདག་གི་ཨ་ཕ་མདང་ནུབ་གཤེགས་སོང་ཟེར།
ཧཧཧ ཁྱོད་རང་གཉེན་སྒྲིག་མི་བྱེད་དམ་ཞེས་གམ་གྱི་འབག་སྐུ་དེས་དྲིས་སོ།།
༢༠༡༡་ལོའི་ཟླ་༡༠་ཚེས༡ལ།
རྩོམ་ཁུངས། ངེད་དྲ་བ།