མི་སེམས་དེ་གང་ན།
དམར་འཛིང་ལ་ཞུགས་པའི
དེ་རིང་གི་ཁྱོད་ཀྱིས
ལག་ལ་མཚོན་ཆ་ཐོགས་ཤིང
གཞོན་ནུ་མའི་མིག་ཆུ་ཁྲག་ལ་བསྒྲེས་དུས
རལ་གྲིའི་རྩེ་ནས་མེ་སྟག་འཚུབ་འོང
ཚ་ཚ་འཕྲོས་འོང
ད་དུང ཚོར་བའི་ཕྲ་ཕུང་དབུས་སུ
ཚེར་མའི་མེ་ཏོག་གི་མྱུ་གུ་འབུས་ནས
ལྕགས་ཀྱི་ལོ་མ་དང རྡོ་བའི་ཡལ་ག་རྒྱས་འདུག
ལྟར་མི་བཟོད་པའི་ངང
འཇིགས་རུང་གིས་རྒྱས་འདུག
༢༠༡༢--༧--༢
རྩོམ་ཁུངས། ངེད་དྲ་བ།