རླུང་ནང་ནས་རི་བོ་མཐོན་པོ་ཞིག་དྲན་པ།
རླུང་བུ་ནི་རལ་གྲི་ཞིག
འཇིག་རྟེན་གྱི་མཛེས་པ་འཕྲོག་བྱེད་ཀྱི་རལ་གྲི་ཞིག
ཉི་ཟླའི་ཀ་བ་ལྟ་བའི་རུ་བོ་མཐོན་པོ
རླུང་གི་རྒྱ་སྒོད་བཅོད་བྱེད་ཀྱི་རྡོ་ཕ་བོང་དེ
སྤྲིན་པས་རི་བོ་ཡོགས་པའི་སྣང་བ
སྣང་བས་སེམས་པ་ཡོགས་པའི་ཉི་འོད་གྲང་མོ
རླུང་བུ་ནི་མིག་ལུང་ཞིག
རང་ཉིད་ཁོ་ནའི་བརྒྱུད་ཕྱོགས་ལས་མི་དད
མགོ་བོ་ཤུགས་ཀྱིས་དགྱེ་པའི་རི་བོ་མཐོན་པོ
སེམས་ཀྱི་ཀ་བ ཡིད་ཀྱི་རྟེན་ས
རླུང་བུ་རྒོད་དྲགས་པས་ང་རང་ཞེད་བྱུང
རླུང་བུར་ཁ་དོག་མངས་པས་ངས་ཚོར་མ་ནུས
འཇིག་རྟེན་གྱིས་ཀྱང་ཚོར་མ་ནུས་ཨང
༢༠༡༢/༦/༣༠ཉིན་ཅོ་ནེ་དག་ཡིག་ཁོག་ཏུ་གྲུབ།
རྩོམ་ཁུངས། ངེད་དྲ་བ།