འཆི་བདག་གི་འཇབ་རྒོལ་ཐེབས་དུས།

                              ༡
འཆི་བདག་ལགས   ངས་ད་དུང་ཅི་ཡང་སྒྲུབ་མེད་པས
ཁྱོད་ཀྱིས་ང་ལ་འཇབ་རྒོལ་མི་བྱེད་རོགས
ངའི་གློ་མཆིན་ལ་བསྣུན་གྱིན་པའི་ལྕགས་ཀྱུ་དེ
ཡུད་ཙམ་ལ       ད་དུང་ཡུད་ཙམ་ལ
ཕྱིར་གློ་བུར་དུ་དབྱུང་སྟེ་བར་དོའི་འཕྲང་ལ་མི་སྐྱེལ་རོགས
                               ༢
སྲིན་འབུ་དེ་དག་གིས    ངའི་གློ་བ་ཟ་བཞིན་འདུག་ལ
ངའི་མཆིན་པར་གནོད་ཀྱིན་འདུག
ཡིན་ནའང    འཆི་བདག་གིས་ངལ་གསོ་ཅུང་ཙམ་བྱོས་དང
ངས་ད་དུང་ཅི་ཡང་འཚོལ་མ་ཐུབ་ལ
ཅི་ཡང་བཙལ་མ་ཐུབ་པས
འཆི་བདག་གིས་ང་ལ་ཕྱིར་མིག་ཐེངས་གཅིག་གི་གོ་སྐབས་སྦྱིན་རོགས
                             ༣
དེ་རིང་ལུས་རྩལ་རྭ་བ་ནས ངའི་མཐོང་ལམ་ཡོད་ཚད་རབ་རིབ་ཏུ་གྱུར་ཅིང      
ལུས་པོ་ཡོངས་རྫོགས་སྦྲིད་གྱི་ལེར་སོང་རྗེས
ངས་ཅི་ཡང་ཚོར་མ་ཐུབ་ལ
ཕྱིར་སངས་དུས    ང་ལ་གནམ་ཁབ་རྒྱབ་འདུག
ཨ་ཙི     ཅི་ཡང་འགྲུབ་མེད་པའི་ང་རང
འདི་ལྟར   ཚེ་སྲོག་གི་ཆེས་མཐའ་མཇུག་དེ་རྫོགས་འགྲོ་བ་ཡིན་ནམ
 མིན     གཏན་ནས་མིན
འོན་ཀྱང     ང་འཆི་བདག་ལ་གཡོལ་ཐུབ་རྒྱུའི་ཕུགས་འདུན་ཡེ་ནས་མེད
                               ༤
ངས་དབྱངས་གསལ་སོ་བཞིས་ཚེ་སྲོག་བསྐྱབས་པའི་དྲིན་ལན་དེ་ལྟ་ཅི
ཨ་ཕའི་གདོང་ལ་འཛུམ་མདངས་དང
ཨ་མའི་ངག་ལ་དགོད་སྒྲ        ཐ་ན
བྱིས་པ་གཉིད་འགུག་བྱེད་ཀྱི་དབྱངས་རྟ་ཞིག་ཀྱང་འཐེན་མ་མྱོང་མོད
དེ་རིང་འཆི་བདག་གིས་ང་ལ་འཇིག་སྐུལ་བཟོས་སོང
སང་ཉིན་གྱི་སང་ཉིན་མི་བུ་ཡོད་ཚད་འཆི་ངེས་པ་རེད
ཡིན་ནའང    དེ་རིང་གི་ད་ལྟ་བུ་ཆུང་ངའི་འབྱུང་བཞི་ཀུན་ནས་འཁྲུག་བྱུང
 དེར་མ་ཟད     རྨི་ལམ་དུ་ང་རང་འཆི་བདག་གི་ཞགས་པར་ཚུད་འདུག
                                      ༥
ཕོ་ལོ་ཉི་ཤུ་བུད་མ་ཐག་པའི་ང་རང
ཚེ་ཟད་ནས་འཆི་བ་ནི་མ་ཡིན་ལ
བསོད་ནམས་ཟད་ནས་འཆི་བའང་མ་ཡིན
གློ་བུར་རྐྱེན་གྱིས་འཆི་བ་ནི་དེ་བས་ཀྱང་མ་ཡིན་ཏེ
ཡིན་པ་ནི་ལས་ཟད་ནས་འཆི་བ་ལགས
འཆི་བདག་གམ་ལ་སླེབས་དུས་འབྲོ་ས་ཞིག་གང་ན་ཡོད
ཡིན་ནའང        ངས་འཆི་བདག་གི་ཞགས་པ་དེ
ངའི་ལག་ཏུ་དམ་པོར་འཆིང་བའི་སྨྱུ་གུར་གཡོལ་ཅི་ཐུབ་བྱ་ངེས་ཡིན
ད་དུང    ངའི་ཆེས་མཐའ་མའི་དབུགས་རྒྱུན་དེས
‘མི་རིགས’ཞེས་པའི་ཡིག་འབྲི་གསོན་པོ་དག་བྲིས་ཚར་ན
སྙིང་ལ་ལྕགས་ཀྱུ་བརྡབ་ཀྱང་གནོངས་འགྱོད་ཅི
                                                སྨན་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བདག་གི་འཇབ་རྒོལ་ཐེབས་དུས།

2012-07-06 བེེཌཱུརྱ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།