ཁ་དོག་མེད་པའི་མཚན་མོ།
བུ་མོས་རྨི་ལམ་རྨི་བཞིན་འདུག
རྨི་ལམ་ལས་རྟ་ཕོའི་རྨུག་སྒྲ་ཧྲུག་ཧྲུག་ངང
ཐག་རིང་ལ་ཡལ
ཐག་རིང་ན་ཅི་ཞིག་ཡོད
རླངས་འཁོར་གྱི་འུར་ཟིང་ཡལ་ཞིང
མི་ཚོགས་ཀྱི་ཧབ་དགོད་འཇགས་རྗེས
ངས་ཁེར་རྐྱང་གི་མཚན་མོ་ཞིག་རུམ་ཡོད
ཁ་དོག་མེད་པའི་མཚན་མོ་ཞིག་རུམ་ཡོད
མུན་པ་དང་མཉམ་དུ ཆར་ཆུ་དང་འགྲོགས་ཏེ
ཁ་དོག་མེད་པའི་མུན་པ་དང་ཆར་ཆུ་སྒོམ་ཡོད
རྨ་ཆུ་ནི་ཁྱོད་ཀྱིས་ཕུད་པའི་མིག་ཆུ་དང་འདྲ་བར
ཐག་རིང་དུ་བཞུར་གྱིན་འདུག
རྨ་ཁུག་དང་པོ་ནས་ཞི་བདེ་རྒྱ་མཚོར་འདྲེས་ཤིང
ཡུལ་མི་སྣང་སྐྱིད་དག་གི་སེམས་འགྱུ་དང་རྟོག་པ་བཏེགས་ཏེ
ལན་རེར་འུར་ཟིང་གིས་བཞུར་ཅིང
སྐབས་རེར་ཁུ་སིམ་ངང་བབས
ཁ་དོག་མེད་པའི་མཚན་མོ་དང་འདྲ་བར
དལ་གྱིས་བཞུར ངང་གིས་བཞུར
ང་ཡི་རྨ་ཆུ ང་ཡི་རྨི་ལམ
རྒྱང་ནས་རྒྱང་དུ་བཞུར་བར་གྱིས
ང་ཡི་རྨ་ཆུ ང་ཡི་རྨི་ལམ
སྤྱི་ལོ༢༠༡༢ལོའི་ཟླ༦པའི་ཚེས༡༤དགོང་མོ་རང་མགྲོན་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།