དོན་ངོ་མར་བོད་སུ་ཡིན།༼ཞར་བཀོད་གཅིག་ཡོད༽
ངའི་བོད་ཡིག་ཁྲིད་ཀྱིན་པའི་ཨ་རིའི་གྲོགས་པོས། ང་བོད་ཡིན། ངས་བོད་ཡིག་ཤེས་ཟེར།
ང་ལ་བརྩེ་འཕྲིན་སྐུར་མཁན་གྱི་རྒྱ་མོ་དེས། ང་བོད་ཡིན། ང་བོད་ལ་དགའ་ཟེར།
ངའི་དགེ་རྒན་ཚང་གི་སྒོ་འགྲམ་གྱི་ནེ་ཙོ་དེས། ང་བོད་ཡིན།
ང་བོད་ཁྱིམ་ན་ཡོད་ཟེར།
ཝེ། ངའི་སློབ་གྲོགས། ཁྱོད་ཀྱིས་ཅི་ཞིག་བཤད་རྩིས་ཡོད།
བསམ་བློ་བ་དང་སྙན་ངག་པ། ད་དུང་གཞན་དག
༢༠༡༢, ༦ ,༡༦གི་ཉིན་ཐོ།
བསམ་བློ་བ་གནའ་མི་དག་གི་ཁ་ལ་བཙུགས་པའི་བཙའ་མ་ཆགས་པའི་རྒྱང་བསྒྲགས་འཕྲུལ་ཆས་ཙམ་རེད།
སྙན་ངག་པ་གནས་ལུགས་ཀྱི་བཙོན་དུ་ཚུད་པའི་དུངས་ཞེན་གྱི་བཙོན་མ་ཞིག་རེད།
གཞན་དག་ནི་རྐང་བ་བོར་བའི་ནད་པ་བཟོད་བསྲན་ཅན་ཞིག་རེད།
བསམ་བློ་བས་ནད་པ་དེར་གནའ་གཏམ་ཞིག་འཆད་ནས་གཉིད་དུ་འཇུག་འདོད་མོད། འོན་ཀྱང་སྙན་ངག་པས་གཉེན་ཉེ་དག་ལ་ཁ་པར་གཏོང་དགོས་ཚུལ་ཡང་ཡང་ལབ།
ཨོ། ཅང་མ་རེད། དེ་དག་གི་བར་ན་འབྲེལ་བ་མེད།
༢༠༡༢ ༦ ༡༧ལ།
རྩོམ་ཁུངས། ངེད་དྲ་བ།