གྲིབ་མ།
ཕྱི་དྲོ ནུབ་རིའི་རི་རྒན་གྱི་གྲིབ་མ
བདག་གི་སྙིང་ཁའི་ཐད་དུ་མགྱོགས་མྱུར་གྱིས་སླེབས་ཤིང
གནའ་བོའི་དཔའ་དམ་གྱི་རྩེ་མོ་ལྟ་བུའི་གྲིབ་རིས་དེ
ཇི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང
བདག་གིས་སྟོད་གོས་ཕར་བཤུས་ཏེ
སྙིང་ཁའི་ཐད་དུ་གྲིབ་རིས་ཀྱི་རྩེ་མོ་བླངས་ཤིང
མིག་ཟུང་བཙུམ་སྟེ་རང་ཉིད་གྲིབ་མ་དང་འཐིམས་པར་བྱས
སྙིང་གཏམ་ཡོད་ཚད་ཞུས་ཟིན་པའི་ཕྱི་དྲོ་འདིར
ངས་འཇིག་རྟེན་ཁམས་ཡོངས་སུ་དབང་བསྒྱུར་བའི་དུས་ཚོད་དྲན་ཞིང
ཁོ་བོའི་སྙིང་ཆུང་དུས་ཚོད་ཀྱི་ཐག་སྒྲ་བཞིན་འཕར
༢༠༡༢།༡༠།༡༠ ལ།
རྩོམ་ཁུངས། ངེད་དྲ་བ།