ཇ་ཕོར་ལ་སེམས་ཟུག་པ།
ཆུང་མའི་གཉིད་ལབ་ཁྲོད་དུ།
ངའི་མིང་ལ་ཡང་བསྐྱར་འབོད་པ་བཏང་།
མཚན་སྨག་གི་ཁྲོད་དུ།
ངའི་མིང་ནས་འབོད་མཁན་ཁོ་མོ་ལས་སུ།
ཡིན་ནའང་། ཁོ་མོས་གོ་ཚོར་གང་ཡང་བྱུང་མེད།
མི་ཚོགས་སྐར་མདའ་ལྟར་རུབ་ཁ་ན།
ངའི་གོ་གནས་ཀྱི་མཚན་རྟགས་ཐོས་འོང་།
ངས་སུ་ཞིག་ཡིན་མིན་སྐོར་ནས་བལྟས།
ཕལ་ཆེར་ངའི་གཤམ་འོག་གི་ལས་མི་ཞིག་ཡིན་ངེས།
ཕ་ཡུལ་དུ་ས་འདྲིས་ཆུ་འདྲིས་ཆེ་བས།
ཡུལ་མི་ཚོས་ངའི་ཆུང་མིང་ནས་སྐད་ཞིག་བཏང་།
སེམས་ལ་ཟུག་པའི་སྐད་འདི་ཇ་ཕོར་གྱི་ཁ་དང་།
ཞིང་གྲོང་གི་སྲང་ལམ་གཞུང་ནས་ཉན་དུས།
ངས་རྨི་ལམ་ལྟ་བུའི་ལོ་ཟླ་དག་དྲན།
ངས་ས་སྤུངས་དང་དེའི་མཐའ་འཁོར་གྱི་རོགས་ལོ་དག་དྲན།
༢༠༡༢ལོའི་ཟླ་༡༠པའི་ཚེས་༢ཉིན་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།