ཧ་པ་སྐར་མ་དྲན་ནས།

འཇམ་དཔལ་སྐྱབས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-29


ཁྱིམ་ཚང་དཀྱུས་མ་ཞིག་གིས་ཁྱི་གསུམ་གསོས
ཧ་པ་སྐར་མ་ནི་ཆེས་ཆུང་བ་དེ་ཡིན
ང་ནི་ཆུང་ཆུང་ལ་གཅེས་པས་མིན་ན
ཧ་པ་སྐར་མ་འདས་རྐྱེན་དུ་ཤོར་རྗེས
དྲན་པའི་སྣང་བརྙན་གྱི་ཁྱོན་ལ
གྱེས་གདུང་གི་བ་མོ་བསྒོ་དོན་མི་འདུག
                ང  བརྩེ་དུངས་ཀྱི་དབང་གིས
ལྕགས་ཐག་དང་མཉམ་དུ་ས་ནག་ལས་ཟད་པའི
ཨ་ཅེ་དང་འགྲོགས་ནས་རི་གྲོང་ཏུ་ཚར་བའི
ལས་དབང་གིས་ནོར་བདག་ཏུ་གྱུར་བ་ནི
འབྲོག་ཁྱི་དོམ་བུ་རེད
སྐྱིད་སྡུག་འདི་ངས་སུ་ལའང་བཤད་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
ས་སྲོད་དང་མཉམ་དུ་ནམ་ཁ་ལངས་པའི
ཕུ་བོ་དང་འགྲོགས་ནས་སྤྱང་དམར་དེད་པའི
མ་གཞི་ནས་བདག་པོ་ལ་དྲིན་གཟོ་འཇལ་བ་ནི
བོད་ཁྱི་སེང་དཀར་རེད
ལྷག་བསམ་འདི་ངས་སྙན་ངག་ཏུ་བྲིས་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
དབྱར་སྡོང་གི་བསིལ་གྲིབ་འོག་ན་སྒོ་སྲུང་དུ་སྡོད་པའི
ཨ་མ་དང་ལྷན་དུ་སྐོར་མཐའ་ན་ཆོས་རྒུམ་འཐུ་བའི
བཟའ་མི་ཚོས་གཅེས་ནས་སྙིང་རྗེ་ཟེར་བའི
ཁྱིམ་མཚེས་ཡིན་ཀྱང་འདྲིས་རྒྱུ་མེད་པའི
ངེད་ཚང་དང་ལས་འབྲེལ་ཡོད་ཡོད་འདྲ་བ་ནི
ཁྱིམ་སྲུང་སྐར་མ་རེད
ཧ་པ་འདི་གཏན་བྲལ་གྱུར་རྗེས་ང་ཡིས་དྲན་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
        ༢༠༡༢ལའི་ཟླ༨པའི་ཚེས༢༨ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧ་པ་སྐར་མ་དྲན་ནས།

2012-10-29 འཇམ་དཔལ་སྐྱབས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ཁྱིམ་ཚང་དཀྱུས་མ་ཞིག་གིས་ཁྱི་གསུམ་གསོས
ཧ་པ་སྐར་མ་ནི་ཆེས་ཆུང་བ་དེ་ཡིན
ང་ནི་ཆུང་ཆུང་ལ་གཅེས་པས་མིན་ན
ཧ་པ་སྐར་མ་འདས་རྐྱེན་དུ་ཤོར་རྗེས
དྲན་པའི་སྣང་བརྙན་གྱི་ཁྱོན་ལ
གྱེས་གདུང་གི་བ་མོ་བསྒོ་དོན་མི་འདུག
                ང  བརྩེ་དུངས་ཀྱི་དབང་གིས
ལྕགས་ཐག་དང་མཉམ་དུ་ས་ནག་ལས་ཟད་པའི
ཨ་ཅེ་དང་འགྲོགས་ནས་རི་གྲོང་ཏུ་ཚར་བའི
ལས་དབང་གིས་ནོར་བདག་ཏུ་གྱུར་བ་ནི
འབྲོག་ཁྱི་དོམ་བུ་རེད
སྐྱིད་སྡུག་འདི་ངས་སུ་ལའང་བཤད་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
ས་སྲོད་དང་མཉམ་དུ་ནམ་ཁ་ལངས་པའི
ཕུ་བོ་དང་འགྲོགས་ནས་སྤྱང་དམར་དེད་པའི
མ་གཞི་ནས་བདག་པོ་ལ་དྲིན་གཟོ་འཇལ་བ་ནི
བོད་ཁྱི་སེང་དཀར་རེད
ལྷག་བསམ་འདི་ངས་སྙན་ངག་ཏུ་བྲིས་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
དབྱར་སྡོང་གི་བསིལ་གྲིབ་འོག་ན་སྒོ་སྲུང་དུ་སྡོད་པའི
ཨ་མ་དང་ལྷན་དུ་སྐོར་མཐའ་ན་ཆོས་རྒུམ་འཐུ་བའི
བཟའ་མི་ཚོས་གཅེས་ནས་སྙིང་རྗེ་ཟེར་བའི
ཁྱིམ་མཚེས་ཡིན་ཀྱང་འདྲིས་རྒྱུ་མེད་པའི
ངེད་ཚང་དང་ལས་འབྲེལ་ཡོད་ཡོད་འདྲ་བ་ནི
ཁྱིམ་སྲུང་སྐར་མ་རེད
ཧ་པ་འདི་གཏན་བྲལ་གྱུར་རྗེས་ང་ཡིས་དྲན་ན་འགྲིག་གི
ང   བརྩེ་དུངས་ཀྱི་དབང་གིས
        ༢༠༡༢ལའི་ཟླ༨པའི་ཚེས༢༨ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།