དར་མདོ་ནས་ངས་མཛའ་གཞས་ཤིག་བླང་ན་འདོད།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-06


དེ་རིང་དར་མདོ་ལ་ཆར་བ་བབས་སོང
དར་མདོ་དེ་རིང་ཆར་བ་དང་མི་ཚོགས་ཀྱི་བྱིངས་ལ་འཐིམ་འདུག
དར་མདོ་ལ་དེ་རིང་སྨུག་པ་འཐུལ་འདུག
དར་མདོ་དེ་རིང་རྒྱ་ཁང་ཐོག་བརྩེགས་དང་ཟི་ཁྲོན་རྒྱ་སྐད་ཞིག་ལ་འཐམས་འདུག
 
གྲོགས་པོ་ལགས
ངས་དེ་རིང་དར་མདོ་ལ་སྔོན་ཆད་ཅིག་ཡོད་པ་མཐོང་མ་སོང་ལ
བློ་ལའང་འཆར་ཡང་མ་འོངས་པས
ངས་དར་མདོ་ནས་མཛའ་གཞས་ཤིག་བླངས་འདོད
ཁ་ངོ་གྲུང་ཤ་དོད་པའི་བུ་མོ་ཁྱོད་ལ
རྒྱ་མོ་ཨེ་ཡིན་འདོད་པའི་བུ་མོ་ཁྱོད་ལ
རྒྱ་སྐད་ཁ་ལ་བྱང་བའི་བུ་མོ་ཁྱོད་ལ
ཕ་སྐད་དང་ཕ་ཡུལ་གྱི་དྲི་མ་ཡལ་བའི་ཟུར་མིག་ཅིག་འཕེན་འདོད
སེམས་ཁྲལ་དང་འགན་ཁུར་བྲལ་བའི་མཛའ་གཞས་ཤིག་བླངས་འདོད
 
དར་མདོ་ལགས
ཁྱེད་རང་འཐད་པ་ཨེ་ཡིན་ལགས
ངས་ཁྱེད་ལ་སྔོན་ཆད་ཀྱི་རྟ་འདོ་བ་ཞིག་གླེང་ན
ངས་ཁྱེད་ལ་ཁ་སང་གི་ལོ་ཟླ་ཞིག་བརྗོད་ན
ངས་ཁྱེད་ཀྱི་སྨུག་སྤྲིན་གྱི་ཁྲོད་དུ་ཡལ་བའི་དྲི་མ་དེ་འཚོལ་ན
 
ལྗོངས་རྒྱུ་པ་ལགས
དར་མདོ་ནས་མཛའ་གཞས་ཤིག་བླངས་ན
ཁྱེད་ཀྱིས་ང་ལ་ཡང་{དར་མདོའི་མཛའ་གཞས་}ཟེར་བའི་མིང་ཞིག་འདོགས་སྲིད་དམ
དེ་རིང་ང་དར་མདོ་ལ་ཐོན་ཡོད
བྲག་རི་དང་རྫ་ལུང་གི་ཁོག་ན་འབབ་པའི་ཆུ་བོ་འདིས
མི་ལོ་མང་བོ་ཞིག་གི་སྔོན་གྱི་དར་མདོ་དེ
གང་ཞིག་ལ་འཁུར་སོང་ངམ
དེ་ལྟར་མིན་ན  འབབ་ཡུན་རིང་དྲགས་པས   འབབ་རྒྱུན་ཆེ་དྲགས་པས
དར་མདོ་ཁྲུས་ལ་རོལ་ནས་དྲི་མ་མང་བོ་ཞིག་བཀྲུས་སོང་ངམ
ཡང་མིན་ན  ཆར་ཆུ་མོད་དྲགས་པས  ཤྭ་འོག་གིས་སྔོན་ཆད་ཅིག་ཁྱུར་མིད་བཏང་སོང་ངམ
 
གང་ལྟར  དར་མདོ་ནི་ང་ཚོའི་སྔོན་ཆད་ཀྱི་དར་མདོ་དེ་ཡིན་མི་འདུག
གང་ལྟར  དར་མདོ་ནི་ལོ་རྒྱུས་ཀྱི་དར་མདོ་དེ་ཡིན་མི་འདུག
གང་ལྟར  གང་ལྟར
 
དེ་རིང་ངས་དར་མདོ་ནས་མཛའ་གཞས་ཤིག་བླངས་འདོད
དེ་རིང་ངས་དར་མདོ་ལ་སྨྲེང་གླུ་ཞིག་བླངས་འདོད
དར་མདོ་ལ་དེ་རིང་ཆར་བ་འབབ་ཀྱིན་འདུག
དེ་རིང་དར་མདོ་ལ་སྨུག་པ་འཐིལ་གྱིན་འདུག
         ༢༠༡༢ ༥ ༡༣དར་མདོ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དར་མདོ་ནས་ངས་མཛའ་གཞས་ཤིག་བླང་ན་འདོད།

2012-10-06 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


དེ་རིང་དར་མདོ་ལ་ཆར་བ་བབས་སོང
དར་མདོ་དེ་རིང་ཆར་བ་དང་མི་ཚོགས་ཀྱི་བྱིངས་ལ་འཐིམ་འདུག
དར་མདོ་ལ་དེ་རིང་སྨུག་པ་འཐུལ་འདུག
དར་མདོ་དེ་རིང་རྒྱ་ཁང་ཐོག་བརྩེགས་དང་ཟི་ཁྲོན་རྒྱ་སྐད་ཞིག་ལ་འཐམས་འདུག
 
གྲོགས་པོ་ལགས
ངས་དེ་རིང་དར་མདོ་ལ་སྔོན་ཆད་ཅིག་ཡོད་པ་མཐོང་མ་སོང་ལ
བློ་ལའང་འཆར་ཡང་མ་འོངས་པས
ངས་དར་མདོ་ནས་མཛའ་གཞས་ཤིག་བླངས་འདོད
ཁ་ངོ་གྲུང་ཤ་དོད་པའི་བུ་མོ་ཁྱོད་ལ
རྒྱ་མོ་ཨེ་ཡིན་འདོད་པའི་བུ་མོ་ཁྱོད་ལ
རྒྱ་སྐད་ཁ་ལ་བྱང་བའི་བུ་མོ་ཁྱོད་ལ
ཕ་སྐད་དང་ཕ་ཡུལ་གྱི་དྲི་མ་ཡལ་བའི་ཟུར་མིག་ཅིག་འཕེན་འདོད
སེམས་ཁྲལ་དང་འགན་ཁུར་བྲལ་བའི་མཛའ་གཞས་ཤིག་བླངས་འདོད
 
དར་མདོ་ལགས
ཁྱེད་རང་འཐད་པ་ཨེ་ཡིན་ལགས
ངས་ཁྱེད་ལ་སྔོན་ཆད་ཀྱི་རྟ་འདོ་བ་ཞིག་གླེང་ན
ངས་ཁྱེད་ལ་ཁ་སང་གི་ལོ་ཟླ་ཞིག་བརྗོད་ན
ངས་ཁྱེད་ཀྱི་སྨུག་སྤྲིན་གྱི་ཁྲོད་དུ་ཡལ་བའི་དྲི་མ་དེ་འཚོལ་ན
 
ལྗོངས་རྒྱུ་པ་ལགས
དར་མདོ་ནས་མཛའ་གཞས་ཤིག་བླངས་ན
ཁྱེད་ཀྱིས་ང་ལ་ཡང་{དར་མདོའི་མཛའ་གཞས་}ཟེར་བའི་མིང་ཞིག་འདོགས་སྲིད་དམ
དེ་རིང་ང་དར་མདོ་ལ་ཐོན་ཡོད
བྲག་རི་དང་རྫ་ལུང་གི་ཁོག་ན་འབབ་པའི་ཆུ་བོ་འདིས
མི་ལོ་མང་བོ་ཞིག་གི་སྔོན་གྱི་དར་མདོ་དེ
གང་ཞིག་ལ་འཁུར་སོང་ངམ
དེ་ལྟར་མིན་ན  འབབ་ཡུན་རིང་དྲགས་པས   འབབ་རྒྱུན་ཆེ་དྲགས་པས
དར་མདོ་ཁྲུས་ལ་རོལ་ནས་དྲི་མ་མང་བོ་ཞིག་བཀྲུས་སོང་ངམ
ཡང་མིན་ན  ཆར་ཆུ་མོད་དྲགས་པས  ཤྭ་འོག་གིས་སྔོན་ཆད་ཅིག་ཁྱུར་མིད་བཏང་སོང་ངམ
 
གང་ལྟར  དར་མདོ་ནི་ང་ཚོའི་སྔོན་ཆད་ཀྱི་དར་མདོ་དེ་ཡིན་མི་འདུག
གང་ལྟར  དར་མདོ་ནི་ལོ་རྒྱུས་ཀྱི་དར་མདོ་དེ་ཡིན་མི་འདུག
གང་ལྟར  གང་ལྟར
 
དེ་རིང་ངས་དར་མདོ་ནས་མཛའ་གཞས་ཤིག་བླངས་འདོད
དེ་རིང་ངས་དར་མདོ་ལ་སྨྲེང་གླུ་ཞིག་བླངས་འདོད
དར་མདོ་ལ་དེ་རིང་ཆར་བ་འབབ་ཀྱིན་འདུག
དེ་རིང་དར་མདོ་ལ་སྨུག་པ་འཐིལ་གྱིན་འདུག
         ༢༠༡༢ ༥ ༡༣དར་མདོ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།