དྲན།
གོམ་འགྲོས་ཤིག་རྒྱང་ནས་རིང་དུ་བཀྱེད
གྲིབ་རིས་ཁོ་ན་ཉིད བྲང་ངོར་འབྱར་འོང་དུས
ཁྱེད་དང་ང་འགྲོ་ལམ་ཁ་ཁ་ཡིན
མ་གཞི སེམས་པ་དེའི་རྐྱེན
རང་སེམས་རལ་པོ་ལས་གང་ཡང་མ་གླེང
ཅི་ཡང་མ་མཐོང
དེ་དུས་སུ དྲན་མྱོང་བའི་འུ་གཉིས་དབར
བརྩེ་འདང་ཟེར་བ་ཞིག་ཡོད་མ་མྱོང་མོད
ཚོར་བ་དེས
ཁྱེད་དང་ང་ཁོ་ནའི་སླད ལྷག་ཏུ་སྐྱོ་འོང
སྤྲང་བོ་བཞིན་ཁྱེད་སོང་སོང་ཡང ཅི་ཞིག་རྙེད་བྱུང
ང་ཡུགས་ས་བཞིན་ངུས་ངུས་ཀྱང ཅི་ཞིག་ཚོར་འོང
མི་ཚེ་འདི རྨི་ལམ་ཚར་གཅིག་ཏུ་རྫོགས་སོང་ན
ལྷན་འཛོམས་ཤིག སླར་ཡང་དྲན་འདོད
6/9/2012 བོད་ཀྱི་དཔེ་མཛོད་ཁང་དུ།
རྩོམ་ཁུངས། ངེད་དྲ་བ།